作词 : 巴桑贡嘎/塔布土旦
作曲 : 巴桑贡嘎
ཚེ་གང་གཏན་གྲོགས།
ཚིག། པ་སངས་ཀུན་དགའ། དྭགས་པོ་ཐུབ་བསྟན།
གདངས། པ་སངས་ཀུན་དགའ།
མི་ཚེ་ཁྱེད་དང་ཡོང་བ་ཞུས་ཆོག
བུ་ངས་ཡོད་ཚད་ཁྱེད་ལ་ཕུལ་ཆོག
གསེར་བྱ་ངང་པའི་བརྩེ་དུང་མ་བྱུང་ཡང་།
ཀྱག་ཀྱོག་མི་ཚེ་སྐྱིད་སྡུག་མཉམ་མྱོང་ཞུས་ཆོག
ཁྱེད་དང་འཕྲད་པ་ཚོགས་བསགས་པའི་ལས་རེད།
ཁྱེད་ལ་རྗེས་དྲན་ང་རས་ཞུས་ཆོག
བུ་ངས་ཡིད་ཆེས་གནང་ས་བུ་མོ་ཁྱེད་ཡིན།
ཆུ་ལ་ཉ་མོ་འཁོར་འཁོར།
བུ་ངས་ཁྱེད་ལ་འཁོར་ཆོག
གསེར་བྱ་ངང་པའི་ལས་བཞིན།
ཁྱེད་དང་མཉམ་དུ་གནས་ཆོག
མི་ཚེ་སྐྱིད་གསུམ་སྡུག་གསུམ།
མཐའ་འཁྱོལ་ཡོང་བ་ཞུས་ཆོག
ཇ་འཐུང་པག་ལས་མེད་ཀྱང་།
མཉམ་ཟ་མཉམ་འཐུང་ཞུས་ཆོག