作词 : T0NGJIAT0NGJIA
作曲 : T0NGJIAT0NGJIA
编曲 : T0NGJIAT0NGJIA
后期:Ricky2Busii
ཆུང་བྱིས་པའི་དུས་སུ་ཁྱེད་ཀྱི་བརྩེ་བ་དེ་ཚོ་སེམས་ལ་མི་འཇོག
ཁ་བྲལ་ནས་ད་ལྟ་བར་དུ་ལོ་ངོ་༡༡རིང་ཙམ་ཕྱིན་སོང་།
སེམས་ནང་གི་དགའ་སྐྱོ་ཆགས་སྡང་ཡོད་ཚད་ང་ཡིས་ཁྱེད་ལ་ལོས་ལབ།
དུས་རྣམ་པ་ཀུན་ཏུ་ཁྱེད་ཀྱི་བརྩེ་བ་དེ་ཚོ་སེམས་ལ་དྲན་ཡོང་།
གསོལ་བ་སྨོན་ལམ་ཡང་ཡང་བཏབ་ཡོད།
གསོལ་བ་སྨོན་ལམ་ཡང་ཡང་བཏབ་ཡོད།
ལོ་ཆུང་དུས་ཁྱེད་ཀྱིས་བསླབས་པའི་ཨར་གཞས་དེ་ཚོ་སེམས་ལ་ལོས་དྲན།
ཁྱོས་བླངས་པས་སྟག་ཕུའི་ཨར་གཞས་རྟེན་འབྲེལ་མ་འགྲིག་འགྲིག་གོ
ཡ རྟེན་འབྲེལ་དང་པོ་དགུང་སྔོན་དབྱིངས་ནས་རྟེན་འབྲེལ་འགྲིག་བྱུང་།
ངའི་སེམས་སུ་གཟུགས་པའི་དབྱངས་འདི་སླར་ཡང་ང་ཡིས་ཁྱེད་ལ་ལོས་ལེན།
གསོལ་བ་སྨོན་ལམ་ཡང་ཡང་བཏབ་ཡོད།
གསོལ་བ་སྨོན་ལམ་ཡང་ཡང་བཏབ་ཡོད།
ཆུང་བྱིས་པའི་དུས་སུ་ཁྱེད་ཀྱི་བརྩེ་བ་དེ་ཚོ་སེམས་ལ་་མི་འཇོག
ཁ་བྲལ་ནས་ད་ལྟ་བར་དུ་ལོ་ངོ་༡༡རིང་ཙམ་ཕྱིན་སོང་།
ངའི་ཡིད་ལ་ལུས་པའི་ཁྱེད་ཀྱི་ངོ་དང་དབྱངས་ཀྱི་སྐད་སྒྲ་དེ་ཚོ།
ཚེ་འདི་ཡི་བརྩེ་བ་དེ་ཚོ་ང་ཡིས་ཁྱེད་ལ་ཆད་པའི་ལས།
གསོལ་བ་སྨོན་འདུན་ཡང་ཡང་བཏབ་ཡོད།
གསོལ་བ་སྨོན་ལམ་ཡང་ཡང་བཏབ་ཡོད།
གསོལ་བ་སྨོན་ལམ་ཡང་ཡང་བཏབ་ཡོད།
གསོལ་བ་སྨོན་ལམཡང་ཡང་བཏབ་ཡོད།
རྟེན་འབྲེལ་མ་འབྲེལ་རྟེན་འབྲེལ་ཡག་པོ་འབྲེལ་བྱུང་།
ཨ་ལ་ཡེ་་་ རྟེན་འབྲེལ་དང་པོ་དགུང་སྔོན་དབྱིངས་ནས་འབྲེལ་བྱུང་།
(这两句是小时候奶奶经常教我的达布阿谐)