作词 : 旦巴尖参
作曲 : 普瓦多杰
བརྩེ་བའི་སྦྲ་སྒོ།
爱在帐门
གཞས་ཚིག། མགར་བསྟན་པ་རྒྱལ་མཚན།
歌词:旦巴尖参
གཞས་དབྱངས། ཕུར་བ་རྡོ་རྗེ།
作曲:普瓦多杰
གཞས་པ། དམུ་དགེ་བ་ཚེ་རིང་དོན་གྲུབ།
原唱:毛儿盖才让东珠
སྟོད་ཀྱི་རི་འདི་སྨུག་དང་ཆར་ཤ་འཐིབས་ས་རེད།
上有高山云雾缠山腰
སྨད་ཀྱི་སྤང་འདི་གླ་སྒང་མེ་ཏོག་འཁྲུངས་ས་རེད།
下有草原百花齐绽放
སྨུག་དང་མེ་ཏོག་འཛོམས་པའི་ལུང་པ་ཡངས་པོ་འདི།
云花双全山谷宽又广
རྫི་གླུའི་གསང་བ་ཐོག་མར་ཞེ་ལ་འཁོར་ས་ཡིན།
牧歌悠扬秘密藏心底
སྣང་བ་དབྱངས་ལ་བསྲེས་པའི་གཞོན་ནུ་ངས།
少年之心寄托于歌声
ཚིག་གི་སྤྲིན་པ་ཁྱོད་སར་འཁྱིལ་ནས་ཡོད།
心中话语如云向你涌
བར་གྱི་ཆུ་འདི་དུང་བའི་ཁྲུང་ཁྲུང་འབབ་ས་རེད།
中有河流白鹤栖河畔
སྨད་ཀྱི་སྤང་འདི་སེར་ཆེན་འདབ་མ་རྐྱོང་ས་རེད།
下有草原金莲绽四方
ཆུ་དང་སྤང་རི་འདྲིས་པའི་འབྲོག་ཐང་ལྷོད་པོ་འདི།
有山有水牧区广袤地
རྟ་ཕོའི་གོང་གི་ཐ་མའི་ཕྱིར་མིག་འཇོག་ས་ཡིན།
过客骑者流连忘返乡
མིག་ཆུ་ཆར་ལ་འདྲིས་པའི་འབྲོག་བུ་ངས།
吾今泪流满面于牧区
འདང་གི་རུས་པ་བསྲུང་ནས་འཚོ་བཞིན་ཡོད།
守护情之忠贞至今日
གཡས་ཀྱི་སྡེ་འདི་འདང་གི་ཨ་ལོང་སྦྲེལ་ས་རེད།
右有村落心心相印地
གཡོན་གྱི་སྡེ་འདི་ཚིག་གི་རུ་མ་བསྙལ་ས་རེད།
左有村落倾诉心里话
གཟས་ལམ་གྱ་གྱུ་མང་བའི་རི་སྡེ་ཕྱུག་མོ་འདི།
弯弯山路伸向富饶地
བརྩེ་དུང་ཞེས་པའི་ཟིལ་ཐིགས་ཞེ་ལ་གཏོར་ས་རེད།
此地有情甘露洒心田
འཛུམ་གྱི་ཨུཧྤལ་བཞད་པའི་གཞོན་ནུ་ངས།
吾今展开笑颜如青莲
བརྩེ་བའི་སྦྲ་སྒོ་ཁྱོད་སར་ཕྱེས་ནས་ཡོད།
爱的帐门永远向你开