作词 : 阿克卓巴乐队
མཚར་སྡུག་མི་ཚེ་
ཚིག སྐལ་བཟང་བཀྲ་ཤིས་
གདངས་ བེ་རི་རང་གྲོལ་
རོལ་དབྱངས་སྒྲིག་བཟོ། ལེ་ལི་ ཧང་འེས་
ལེན་མཁན། མིག་དམར་ཚེ་རིང་།
ཁ་བཤད། དཔའ་ཆེན་དབང་རྒྱལ་
སྒྲ་འཇུག བཀྲ་ཤིས་དོན་གྲུབ། སྤེན་པ་ཚེ་རིང་།
སྒྲ་སྲེ། བཀྲ་ཤིས་དོན་གྲུབ།
དུམ་བུ་༡:
འཁོར་བ་ཆུ་ཡི་གཉེར་མ།
རབ་རིབ་འཕྲུལ་སྣང་ཁེན་ཡང་།
སྐྱིད་ཀྱི་མགོ་འཕངས་མཐོ་པོ།
ནམ་ཡང་ཞུམ་པར་མ་བྱེད།
འོ་ མི་ཚེ་སྐྱིད་གསུམ་སྡུག་གསུམ།
འཚོ་བ་ཁ་མདོག་སྣ་ལྔ།
འོ་ ཁྱེད་ལ་སྟོན་པའི་ལམ་ཞིག་ལོས་ཡོད་
ཡེ་ གཟིགས་དང་གནམ་ལ་ཕུར་བའི་ཐང་དཀར་རྒོད་པོར་གཟིགས་དང་
ཡེ་ ངོམས་ཤོག་རིགས་ཀྱི་བཞག་པའི་ཐབས་དང་ཤེས་རབ་ངོམས་ཤོག
འོ་ ཕ་བཟང་བུ་ འཚོ་བ་རེ་བས་ཁེངས་ཡོད་
འོ་ འགྲོ་ལམ་འོད་ཀྱིས་ཁེངས་ཡོང་།
ཁ་བཤད་:
ཕ་བཟང་བུ་ཡི་དོན་འགྲུབ་ན།།
སྔ་བསམ་ཞིག་དང་ཕྱི་བསམ་ཞིག།
འདོ་རིགས་རྟ་ཕོའི་ཆུ་འཐུང་ན།།
སྔ་ལྟ་ཞིག་དང་ཕྱིར་ལྟ་ཞིག།
སྦྲང་མ་མེ་ཏོག་འཁོར་བ་ཡིན།།
མེ་ཏོག་སྦྲང་མ་འཁོར་བ་མེད།།
ཚིག་མཛེས་ཁྱེད་ལ་སྤྲིངས་བ་ཡིན།།
མཁོ་མེད་རྫུན་གྱི་བསླུ་དོན་མེད།།
གོ་བའི་མི་ལ་ཚིག་གཅིག་སྨྲ།།
མགྱོགས་འགྲོའི་རྟ་ལ་ལྕག་གཅིག་རན།།
ཕོ་རབ་གཅིག་གི་བློ་རྩེ་ལས།།
ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ།།
སྐྱིད་ལ་ཁའི་རྩྭ་དེ་མཉམ་བཟའ་ཡིན།།
སྡུག་སྔོ་མོའི་ཆུ་དེ་མཉམ་འཐུང་ཡིན།།
སོ་ཡོད་སོ་མེད་འདྲ་འདྲ་རེད།།
ལྡད་གྲངས་མང་ཡང་མིད་རྒྱུ་རེད།།
རྒྱུ་ཡོད་རྒྱུ་མེད་འདྲ་འདྲ་རེད།།
མི་ཚེ་ཟད་ལུགས་གཅིག་པ་རེད།།
དོན་ལྡན་མི་ཚེ་སྐྱེལ་འདོད་ན།།
དགེ་བའི་ལས་དང་ཕ་མར་བཀུར།།
ཚིག་རྩུབ་སྨྲ་བའི་གྲོགས་པོ་དེ།།
ཤ་ཚ་སྙིང་ནས་བྱས་པའི་རྟགས།།
རམ་ལེན་ བསྟན་ནོར།
ལྟ་སྐུལ་བ། ཨ་བུ་ཁྱུང་རྒྱལ་
རྒྱ་ཁྱབ་བརྡ་སྦྱོར་ཇུས་འགོད། སྐལ་བཟང་རྒྱ་མཚོ་
དུམ་བུ་༢
མི་རྟག་རླུང་ཁྲོད་མར་མེ་
ནམ་ཞིག་འཐེམས་འགྲོ་མི་ཤེས་
དཀའ་སྡུག་མཆི་མ་འཐོར་ཡང
ཡར་བསྟོད་སེམས་དེ་མ་ཡལ་
འོ་ འཚོ་བ་རང་གིས་སྐྱེལ་དགོས་
བདེ་སྐྱིད་ཉམས་སུ་མྱོང་དགོས་
འོ་ ཁྱེད་ལ་སྟོན་པའི་ལམ་ཞིག་ཡོད་ངེས་
ཡེ་ གཟིགས་དང་ཆུ་ནང་འཁྱུག་པའི་ཉ་ཆུ་གསེར་གཤོག་གཟིགས་དང་
ཡེ་ ངོམས་ཤོག་རིགས་ཀྱི་བཞག་པའི་ཐབས་དང་ཤེས་རབ་ངོམས་ཤོག་
ཧོ་ ཕ་བཟང་བུ་ སྟག་ཤར་དགྲ་ལྷ་རང་འཁོར
འོ་ འགྲོ་ལམ་འོད་ཀྱིས་ཁེངས་ཡོང་།
བཀའ་དྲིན་ཞུ། བོད་ལྗོངས་སྒེའུ་ཁུང་བརྙན་ལས་རིག་གནས་སྨྱན་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་།
བོད་ལྗོངས་ཀེ་ལ་ཤ་བརྙན་ལས་རིག་གནས་སྨྱན་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་།