我爱你,拉萨 - 洛桑扎西
词:洛桑扎西
曲:洛桑扎西
音乐宣传:谢旦贴吧工作室
ཕ་ཡུལ་ཨ་མདོ་བཞག་ནས་ཡོང་།
རི་ལུང་མང་པོ་བརྒལ་ནས་ཡོང་།
ཉི་མ་ལྷ་ས་བསམ་ནས་ཡོང་།
ལྷ་སའི་ཇོ་བོ་བསམ་ནས་ཡོང་།
བྱམས་ལྡན་ཕ་མ་བྲལ་ནས་ཡོང་།
གཙང་ཆུ་མང་པོ་བརྒལ་ནས་ཡོང་།
གནས་མཆོག་ལྷ་ས་བསམ་ནས་ཡོང་།
སེ་འབྲས་དགེ་གསུམ་བསམ་ནས་ཡོང་།
ལྷ་ས་ལྷ་ས་བུ་ང་ཁྱེད་ལ་དགའ།
ཡུལ་མི་སྤུན་མཆེད་བཞག་ནས་ཡོང་།
རྩྭ་ཐང་ཆེན་པོ་བརྒལ་ནས་ཡོང་།
ཆོས་ལྡན་ལྷ་ས་བསམ་ནས་ཡོང་།
ཕོ་བྲང་དམར་པོ་བསམ་ནས་ཡོང་།
བརྩེ་བའི་གྲོགས་དང་བྲལ་ནས་ཡོང་།
གཉན་ཆེན་ཐང་ལྷ་བརྒལ་ནས་ཡོང་།
གནའ་གྲོང་ལྷ་ས་བསམ་ནས་ཡོང་།
ལྷ་སའི་མི་རྣམས་བསམ་ནས་ཡོང་།
ལྷ་ས་ལྷ་ས་བུ་ང་ཁྱེད་ལ་དགའ།