གཙང་གསུམ་བདུད་རྩི་བསུ་སྐྱེམས།
间插词:十九世秋吉活佛
作词:布久•青增吾色
作曲:义西•丹正诺布
演唱:桑杰彭措 尕玛文毛
尕玛求扎 索南代叶
བར་བཅུག་གཞས་ཚིག ཡབ་རྗེ་བཀའ་འགྱུར་བ་མཆོག
གཞས་ཚིག བུ་རྒྱུད་མཁྱེན་བརྩེ་འོད་ཟེར།
གཞས་དབྱངས། ཡུལ་ཤུལ་རྟ་འགྲིན་ནོར་བུ།
ལེན་མཁན། སངས་རྒྱས་ཕུན་ཚོགས། ཀརྨ་དབང་མོ། ཀརྨ་ཆོས་གྲགས། བསོད་ནམ་བདེ་ཡག
གཙང་ཆེན་འབྲི་ཆུའི་འགོ་ཁུངས་ཀྱི།།
གནས་མཆོག་འབྲི་སྟོད་ཡུལ་ལྗོངས་སུ།།
སྐུ་ཉིད་ཕེབས་པར་རྟེན་འབྲེལ་ཞུ།།
སྐུ་ལྷ་དར་མདུང་ཉིང་ཁུ་བཞེས།།
གསེར་གྱི་ནས་འབྲུ་སྟོང་ལྡན་གྱི།།
རྩི་བཅུད་གཅིག་ཏུ་འདྲེས་པའི་ཆང་།།
དངུལ་མཁར་ཆང་གིས་ལྟེམས་ནས་ཡོད།།
སེང་ལྕམ་འབྲུག་མོའི་ཚེ་ཆང་བཞེས།།
ཨ་་་སྐུ་མགྲོན་ལགས།།
བཀྲ་ཤིས་པའི་ཆང་འདི་བཞེས།།
ལྷོ་གཡུ་འབྲུག་འདྲ་བའི་སྐུ་མགྲོན་རྣམས།
གནས་འདི་ན་ཕེབས་པའི་ཉམས་རེ་དགའ།།
གནས་མཆོག་རྫོང་ཆེན་བཅོ་བརྒྱད་ཀྱི།།
སྒྱུ་རྩལ་རིག་པའི་དོ་ར་དུ།།
སྐུ་ཉིད་ཕེབས་པར་རྟེན་འབྲེལ་ཞུ།།
ནས་ཆང་ཁམས་གསོ་བདུད་རྩི་བཞེས།།
གཙང་ཆེན་གསུམ་གྱི་འགོ་ཁུངས་སུ།།
སྐུ་ཉིད་ཕེབས་པར་རྟེན་འབྲེལ་ཞུ།།
རྨ་རྫ་འབྲི་ཡི་རྩི་བཅུད་བཞེས།།
ཚེ་རིང་ལོ་བརྒྱ་ཁ་ལས་དགེ།
ཨ་་་སྐུ་མགྲོན་ལགས།།
བཀྲ་ཤིས་པའི་ཆང་འདི་བཞེས།
ལག་བཞེས་དཀར་རྨ་བྱ་སྒོ་བཞི་ནས།།
ཆང་བདུད་རྩི་ཟིལ་མའི་མཆོད་པ་འབུལ།།
ཨ་་་སྐུ་མགྲོན་ལགས།།
བཀྲ་ཤིས་པའི་ཆང་འདི་བཞེས།།
ཞལ་པད་མ་རྒྱས་པའི་སྦྲང་ཆར་ཡིན།།
ལས་རླུང་རྟ་དར་བའི་རྟེན་འབྲེལ་ཡིན།།
ལས་རླུང་རྟ་དར་བའི་རྟེན་འབྲེལ་ཡིན།།