作词 : 古格次多
作曲 : 古格次多
༢༠༡༡ལོར། Forever
作词:古格次多
作曲:古格次多
原唱:古格次多
编曲:雨墨 /古格次多
吉他:孙鹏 /小凡/古格次多
Bass:孟凡荻
鼓 :雨墨
键盘:雨墨
录音棚:北京Hellobeat Studio(哈乐百特)
录音师:孙梓滔
和声编写:扎西平措/古格次多
和声:扎西平措/古格次多/白珍
和声录音棚:西藏兄弟文化传媒
和声录音师:小巩
混音/母带工程师:小巩
封面设计:古格次多
翻译修正:扎门•旦增格桑
制 作 人:古格次多
ཁྱེད་སྤྲིན་དཀར། ནམ་མཁའ་མཐོན་པོར་གནས།
ང་རང་ལྕང་ཆུང་། ལྡུམ་རའི་དཀྱིལ་ལ་འཚར།
ཁྱེད་གལ་སྲིད་ང་ལ་བསམ་པ་ཡོད་ན།
ཆར་སིམ་སིམ་ཚུར་ལ་བབས་རོགས་གནང་།
ཁྱེད་ཟླ་བ། ནམ་མཁའ་མཐོན་པོར་གནས།
ང་རང་བྱེའུ་ཆུང་། ཤིང་ནགས་ནང་དུ་འཚར།
ཁྱེད་གལ་སྲིད་ང་ལ་བསམ་པ་ཡོད་ན།
གསལ་འོད་ཟེར་ཚུར་ལ་འཕྲོ་རོགས་གནང་།
ཁྱེད་དེ་ཙམ་པའི་བསམ་པ་ང་ལ་མིན་ཡང་།
དེ་ཙམ་པའི་དགའ་བ་ང་ལ་མིན་ཡང་།
ང་ཡི་སེམས་ནང་ལ། ཁྱེད་རང་གཅིག་ཀོ་ཡིན།
སེམས་བཅོལ་སའི་མི་དེ་ང་རང་མིན་ཡང་།
སེམས་ནང་གི་མི་དེ་ང་རང་མིན་ཡང་།
ང་ཡི་སེམས་ནང་ལ། ཁྱེད་རང་གཅིག་ཀོ་ཡིན།
Forever love…
ཁྱེད་ཆུ་མོ། ས་གཞི་བསྐོར་ནས་ཕེབས།
ང་རང་ཉ་ཆུང་། ཡུར་བུའི་དཀྱིལ་ལ་འཚར།
ཁྱེད་གལ་སྲིད་ང་ལ་བསམ་པ་ཡོད་ན།
ང་ཡི་ཕྱོགས་སུ་ཚུར་ལ་རྒྱུགས་རོགས་གནང་།
ཁྱེད་དེ་ཙམ་པའི་བསམ་པ་ང་ལ་མིན་ཡང་།
དེ་ཙམ་པའི་དགའ་བ་ང་ལ་མིན་ཡང་།
ང་ཡི་སེམས་ནང་ལ། ཁྱེད་རང་གཅིག་ཀོ་ཡིན།
སེམས་བཅོལ་སའི་མི་དེ་ང་རང་མིན་ཡང་།
སེམས་ནང་གི་མི་དེ་ང་རང་མིན་ཡང་།
ང་ཡི་སེམས་ནང་ལ། ཁྱེད་རང་གཅིག་ཀོ་ཡིན།
Forever love…
ཁྱེད་དེ་ཙམ་པའི་བསམ་པ་ང་ལ་མིན་ཡང་།
དེ་ཙམ་པའི་དགའ་བ་ང་ལ་མིན་ཡང་།
ང་ཡི་སེམས་ནང་ལ། ཁྱེད་རང་གཅིག་ཀོ་ཡིན།
སེམས་བཅོལ་སའི་མི་དེ་ང་རང་མིན་ཡང་།
སེམས་ནང་གི་མི་དེ་ང་རང་མིན་ཡང་།
ང་ཡི་སེམས་ནང་ལ། ཁྱེད་རང་གཅིག་ཀོ་ཡིན།
Forever love…