作词 : 次旺罗布/次旺罗布
作曲 : 次旺罗布
མཛུབ་ཆུང་མ།
ཚིག ཚེ་དབང་ནོར་བུ།
གདངས། ཚེ་དབང་ནོར་བུ།
ལེན་མཁན། འཕུ་འགུར་རོལ་ཚོགས།
དེང་སང་སྤྱི་ཚོགས་ནང་ལ། མི་འདྲ་མིན་སྣ་ཚོགས་འདུག
གཅིག་ལས་གཅིག་སྤྱང་བ་འདུག
ཁ་སང་རོགས་པ་ཁ་ཤས་ཅིག་གི་མཉམ་དུ།
ཁ་ལག་ཅིག་ཟ་བར་ཕྱིན།
འདི་ཟ་གི་ཟེར། ཕ་གི་ཟ་གི་ཟེར།
ཆོག་ཏོ་ཅིག་ལབ་སོང་།
མ་བྱན་ལགས་ཀྱང་འཐོམ་འགྲོ་གི
རྩིས་བརྒྱབ་དུས་རྐུབ་བརྡབ་བརྡབ་བྱས་ནས་ཕྱིན་སོང་།
སུས་བཟས་པ་རེད་རྩིས་ཕྲ་བསྐོར་རོགས་གནང་།
ང་ལ་མོ་ཊ་དང་ཁང་པའི་བུ་ལོན་ཡོད།
དེང་སང་སྤྱི་ཚོགས་ནང་མི་འདྲ་མིན་སྣ་ཚོགས་འདུག
གཅིག་ལས་གཅིག་བསགས་པ་འདུག
ཁ་སང་རོགས་པ་ཁ་ཤས་མཉམ་དུ་སྦི་རག་ཅིག་འཐུང་གར་ཕྱིན།
འདི་འཐུང་གི་ཕ་གི་འཐུང་གི་ཟེར་ཆོག་ཏོ་ཅིག་ལབ་སོང་།
ཞབས་ཞུ་བ་ཡང་འཐོམ་འགྲོ་གི
རྩིས་བརྒྱབ་དུས་ར་བཟི་བྱས་ལངས་ཀྱི་མི་འདུག
སུས་བཏུངས་པ་རེད་རྩིས་ཕྲ་བསྐོར་རོགས་གནང་།
ང་ལ་ཨ་ཅེ་དང་ཕྲུ་གུ་གསོ་རྒྱུ་ཡོད།
དེང་སང་སྤྱི་ཚོགས་ནང་ལ་མི་འདྲ་མིན་སྣ་ཚོགས་འདུག
གཅིག་ལས་གཅིག་སྤྱོད་པ་ངན་པ།
ང་ཚོ་ཚང་མ་རུབ་རུབ་བྱས་བསྡད་དུས།
མི་གཅིག་གི་རྟུག་དྲི་བཏང་བཞག
ཁོས་བཏང་སོང་ངས་བཏང་མེད་ཟེར་དྲང་པོ་བཤད་མཁན་མི་འདུག
ཁང་པའི་ནང་དུ་དྲི་མས་བརྒྱངས་བཞག
རྐུབ་ལ་མེ་བཙག་བརྒྱབ་རྒྱུ།
ད་འོ་ན་སུས་བཏང་པ་རེད།
སུས་བཏང་པ་རེད་དྲང་པོ་གསུངས་རོགས་གནང་།
ང་ལ་མ་ཉེས་ཁག་གཡོག་མ་གནང་རོགས།