作词 : 雪鹰扎诺
作曲 : 雪鹰扎诺
རེ་སྒུག།
ཚིག་གདངས།:གངས་རྒོད་བཀྲ་ནོར།
གཞས་པ:ཡེ་ཤེས་དབང་ཕྱུག
ལོ་བཞིའི་གོང་ནས་ཁྱེད་རང་ཕྱིན་ནས་བཟུང་།
ངས་ཁྱེད་རང་མ་དྲན་པ་ཉིན་གཅིག་མེད།
ཡིན་ཡང་ངས་ཧ་གོ་གིས།
ཉིན་གཅིག་ཁྱེད་རང་ལོག་ཡོང་གི་རེད།
ངས་ཁྱེད་རང་བརྗེད་ཀྱང་ཚོད་ལྟ་མང་པོ་བྱེད་མྱོང་།
ངས་སེམས་ནང་ཁྱེད་རང་ལོག་ཡོང་གི་རེད་བསམ་བྱུང།
འོན་ཀྱང་དེ་ནི་ཡོངས་སུ་ང་རང་རང་ཉིད་ལ་མགོ་བསྐོར་བཏང་བ་ཤེས།
མ་གཞི་གཅིག་པོ་ཡིན་ཡང་།
ནམ་ཡང་ཁྱེད་རང་སྒུག་ནས་བསྡད།
ང་ཡི་མི་ཚེ་གཅིག་ནང་།
ཁྱེད་མེད་ན་ཡོང་ཐབས་མིན་འདུག
གླུ་གཞས་གསན་པར་ཐུགས་རྗེ་ཆེ།

ལྕང་མ་ལྗང་ཁུ་ཆགས་སོང།
ཁ་མདོག་ཡང་འགྱུར་སོང།
ལོ་མ་ཡང་ས་ལ་ལྷུང་སོང།
ཁྱེད་རང་མཐོང་ཡག་མིན་འདུག
ལོག་ཡོང་གིན་མིན་འདུག