作曲 : 扎西才旦
编曲 : 扎西才旦
作词 : 洛珠尼玛
录音:扎西才旦
混音:小巩
ས་ཆེན་གོ་ལའི་ཞིང་གི
གཡུང་དྲུང་བོན་གྱི་གཙུག་རྒྱན།
ལུང་རྟོགས་བསྟན་པའི་མཛོད་འཆང་།
གཤེན་སྲས་ནོར་བུ་དབང་རྒྱལ།
ཧུ། དམུ་གཤེན་ལགས། ཧུ། བོན་གྱི་སྐྱབས་མགོན།
འགྲོ་ཀུན་འདྲེན་པའི་དེད་དཔོན།
ཁྱེད་སྐུ་མཚན་དཔེའི་འཛུམ་ཞལ།
ཞིང་ཁམས་གཞན་དུ་གཤེགས་པས།
བྱམས་བརྩེའི་གཟི་བྱིན་དྲན་བྱུང་།
ཧུ། དམུ་གཤེན་ལགས། བོན་གྱི་སྐྱབས་མགོན།
བྱམས་བརྩེའི་གཟི་བྱིན་དྲན་བྱུང་།
རྒྱལ་གཤེན་བསྟན་པའི་མངའ་བདག
ཁྱེད་སྐུ་གསེར་གྱི་ལྷུན་པོ།
འཛམ་གླིང་བོན་འབངས་ཡོངས་ཀྱིས།
བཀའ་དྲིན་སྙིང་ནས་དྲན་བྱུང་།
ཧུ། དམུ་གཤེན་ལགས། བོན་གྱི་སྐྱབས་མགོན།
བཀའ་དྲིན་སྙིང་ནས་དྲན་བྱུང་།
བཀའ་དྲིན་སྙིང་ནས་དྲན་བྱུང་།