彭洛 - 朋友
词:旺堆杰布
曲:旺堆杰布
གྲོགས་པོ།
གཞས་ཚིག དབང་འདུས་རྒྱལ་པོ།
གཞས་གདངས། བཀྲ་ཤིས་དབང་རྒྱལ།
གཞས་པ། ཕུན་ལོ།
གྲོགས་པོ་ལགས།
ང་ཡིས་སེམས་གཏིང་ནས་
ཁྱེད་ལ་གླུ་ཞིག་ལེན།
མཉམ་ཟ་མཉམ་འཐུང་མེད་ཀྱང་
ཕར་རོགས་ཚུར་རོགས་གནང་ཆོག
ང་ཡི་གྲོགས་པོ་ལགས།
ཧོ་་་་་་་་གྲོགས་པོ་ལགས། ཁྱེད་ནི་ང་ཡི་མི་ཚེའི་ནོར་བུ་ཞིག་ཡིན།
ཧོ་་་་་་་་གྲོགས་པོ་ལགས། ཁྱེད་ནི་ང་ཡི་མི་ཚེའི་ནོར་བུ་ཞིག་ཡིན།
གྲོགས་པོ་ལགས།
ང་ཡིས་སེམས་གཏིང་ནས་
ཁྱེད་ལ་གླུ་ཞིག་ལེན
ཀྱག་ཀྱོག་འཚོ་བའི་ལམ་དུ་
ཁྱེད་ཀྱི་ལམ་སྟོན་གནང་ཆོག
ང་ཡི་གྲོགས་པོ་ལགས།
ཧོ་་་་་་་གྲོགས་པོ་ལགས། ཁྱེད་ནི་ང་ཡི་རྒྱབ་རྟེན་སྨུག་པོ་དེ་ཡིན།
ཧོ་་་་་་་གྲོགས་པོ་ལགས། ཁྱེད་ནི་ང་ཡི་རྒྱབ་རྟེན་སྨུག་པོ་དེ་ཡིན།
གྲོགས་པོ་ལགས།
ང་ཡིས་སེམས་གཏིང་ནས་
ཁྱེད་ལ་གླུ་ཞིག་ལེན
མཉམ་འགྲོ་མཉམ་འདུག་མེད་ཀྱང་
དགའ་རོགས་སྐྱོ་རོགས་གནང་ཆོག
ང་ཡོ་གྲོགས་པོ་ལགས།
ཧོ་་་་་་གྲོགས་པོ་ལགས། བརྩེ་སེམས་ལ་རྒྱ་དོར་མེད་ནམ་ཡང་གནས་ཤོག
ཧོ་་་་་་གྲོགས་པོ་ལགས། བརྩེ་སེམས་ལ་རྒྱ་དོར་མེད་ནམ་ཡང་གནས་ཤོག