作词 : 余启翔
作曲 : 拉杰更松
音乐总监 : 斯那定珠
ཤམ་བྷ་ལ་ཡི་རྩེ་མོ་ན།
ལྷུན་གྱིས་གྲུབ་པའི་མཆོད་རྟེན་ཁྱེད།
མཐོབའི་ཉི་ཟླ་སྐར་གསུམ་གྱིས།
འོད་ཟེར་ཁྱེད་ལ་སྒྲོན་པ་དང་།
གངས་རི་མཇལ་དང་ཕུལ་བ་ན།
བཀྲ་ཤིས་འཕྲིན་བཟང་མཁའ་ལ་འཕྱུར།
ཤམ་བྷ་ལ་ཡི་མཆོད་རྟེན་ཁྱེད།
རང་ཡུལ་སྐྱིད་པའི་སྲུང་མ་ཡིན།
ཧ་་་་་་ཨ་་་་་་
ཨོ་་་་་་ཧ་་་་་་
ཤམ་བྷ་ལ་ཡི་མཆོད་རྟེན་ཁྱེད།
རང་ཡུལ་སྐྱིད་པའི་སྲུང་མ་ཡིན།
ངོ་མཚར་མཚོད་རྟེན་དཀར་པོ་ཁྱེད།
ཤམ་བྷ་ལ་ཡི་བྱམས་བརྩེ་ཡིན།
དད་ལྡན་སྐྱེ་བོའི་སྙིང་དབུས་སུ།
བསྟན་པའི་ཉི་མ་ཁྱེད་ཀྱིས་འདྲེན།
ཡུལ་ལུང་བསོད་ནམས་འཕེལ་བ་དང་།
བདེ་སྐྱིད་མེ་དོག་གང་སར་བཞད།
ཤམ་བྷ་ལ་ཡི་མཆོད་རྟེན་ཁྱེད།
གཏན་དུ་གནས་པའི་བཀྲ་ཤིས་ཤོག
ཧ་་་་་་ཨ་་་་་་
ཨོ་་་་་་ཧ་་་་་་
ཤམ་བྷ་ལ་ཡི་མཆོད་རྟེན་ཁྱེད།
གཏན་དུ་གནས་པའི་བཀྲ་ཤིས་ཤོག
ཧ་་་་་་ཨ་་་་་་
ཨོ་་་་་་ཧ་་་་་་
ཤམ་བྷ་ལ་ཡི་མཆོད་རྟེན་ཁྱེད།
གཏན་དུ་གནས་པའི་བཀྲ་ཤིས་ཤོག
གཏན་དུ་གནས་པའི་བཀྲ་ཤིས་ཤོག