作词 : 曲麻·巴德仁青
作曲 : 曲麻·巴德仁青/奥才
སྒྲོལ་མ་ལ།
ཚིག། ཆུ་དམར•དཔལ་ལྡན་རིན་ཆེན།
དབྱངས། ཆུ་དམར•དཔལ་ལྡན་རིན་ཆེན&ཨོ་ཚེ།
ལེན་མཁན། ཆུ་དམར•དཔལ་ལྡན་རིན་ཆེན།
གཞས་མ་གཏམ། ཆུ་དམར•དཔལ་ལྡན་རིན་ཆེན།
མཚན་མོ་དེར་ཁྱོད་དང་མཇལ།
མིག་ཟུང་དེ་ཁྱོད་ལ་ཤོར།
ལས་དབང་གི་མཇལ་འཛོམས་འདི།
རྟེན་འབྲེལ་གྱི་སྨོན་ལམ་ཡིན།
ངའི་སེམས་ཀྱིས་སྒྲོལ་མ་ལ།
ཞེ་འདང་གི་རེ་སྒུག་ཡོད།.
གལ་ཏེ་ཁྱོད་རང་མེ་ཏོག་ཅིག་ཡིན་ཚེ།
ང་སྦྲང་མ་བཞིན་དུ་ཁྱོད་རང་འཚོལ་དུ་ཡོང་།
གལ་ཏེ་ཁྱོད་རང་གཙང་བོ་ཞིག་ཡིན་ཚེ།
ང་ཁྱོད་ལ་འཁོར་བའི་གསེར་མིག་ཉ་དེ་ཡིན།
གལ་ཏེ་ཁྱོད་རང་སྤང་ཐང་ཞིག་ཡིན་ཚེ།
ང་ནི་ཁྱོད་ལ་འཐིམ་པའི་ལུག་ཁྱུ་དེ་ཡིན་འདོད།
གལ་ཏེ གལ་ཏེ སྒྲོལ་མ་ལ།
སེམས་པ་དེ་ཁྱོད་ལ་ཤོར། །
བརྩེ་བ་དེ་ཁྱོད་ལ་སྟེར། །
དུང་བ་དེ་ཁྱོད་ལ་འབུལ། །
སྙིང་གཏམ་དེ་ཁྱོད་ལ་བཤད། །
ངའི་སེམས་ཀྱིས་སྒྲོལ་མ་ལ། །
ཡིད་ཆེས་དེ་ཁྱོད་ལ་ཡོད། །
མི་ཚེར་འདིར་ཁྱོད་དང་འཕྲད།
དམ་བཅའ་དེ་ཁྱོད་ལ་བཞག
བརྩེ་དུང་གིས་ལམ་ཁ་ནས།
རྟེན་འབྲེལ་གྱིས་གླུ་དབྱངས་ལེན་།
ངའི་སེམས་ཀྱིས་སྒྲོལ་མ་ལ།
རེ་བ་དེ་ཁྱོད་ལ་ཡོད།