作词 : 格玛罗桑
作曲 : 贡嘎南杰/格玛罗桑
བལྟ་ཞིབ། ཀུན་དགའ་རྣམ་རྒྱལ།
བུ་ཆུང་རང་ཡུལ་བཞག་ནས་གཞན་ཡུལ་འགྲོ།
རབ་རིབ་འདུན་ལམ་བསམ་ནས་ཨ་མ་བྲལ།།
ཆ་མེད་ཡུལ་དུ་སོ་སོར་བརྟེན་དགོས་དུས།
ཨ་མའི་བསླབ་བྱ་དྲན་པས་མིག་ཆུ་ཤོར།།
བརྩེ་ལྡན་བརྩེ་མཆོག་གི་ང་ཡི་ཨ་མ་ལགས།།
ཁྱེད་ཉིད་ད་ལམ་སྐུ་གཟུགས་ཐང་ཐང་ཨེ་ཡིན།།
ང་ཡིས་ཁྱེད་ལ་བཅངས་པའི་བརྩེ་བ་དོར་མེད་ཡིན།།
ང་ཡི་བརྩེ་བའི་ཨ་མ།
ཨ་མ་ལགས།།
ཨོའོ་་་ ཨ་མ།།
ཨ་མ་ལགས།།
ང་རང་གཅིག་པུར་ལུས་དུས་ཨ་མ་དྲན།།
སེམས་ཀྱི་སྡུག་བསྔལ་ཨ་མས་ཤེས་ན་བསམ།།
གཞན་གྱི་ཡུལ་ནས་སྐྱོ་གླུ་ལེན་བཞིན་དུ།།
ཨ་མའི་བཀའ་དྲིན་བསམ་ནས་མིག་ཆུ་ཤོར།།
བརྩེ་ལྡན་བརྩེ་མཆོག་གི་ང་ཡི་ཨ་མ་ལགས།།
ཁྱེད་ཉིད་ད་ལམ་སྐུ་གཟུགས་ཐང་ཐང་ཨེ་ཡིན།།
ང་ཡིས་ཁྱེད་ལ་བཅངས་པའི་བརྩེ་བ་དོར་མེད་ཡིན།།
ང་ཡི་བརྩེ་བའི་ཨ་མ།
ཨ་མ་ལགས།།
ཨོའོ་་་་ ཨ་མ།།
ཨ་མ་ལགས།།
ཨོའོ་་་་ ཨ་མ།།
ཨ་མ་ལགས།།
ཨོའོ་་་་ ཨོའོ་་་ཨོའོ།།
ཨོའོ་་་ ཨ་མ་ལགས།།