作词 : 更关杰
作曲 : 杨秀措
编曲 : 加贝
男:
གནམ་ལ་ཀ་བ་ཚུགས་ས་ས་ལ་ཁྲོན་པ་ཟུག་ས།
天柱古井并兼之地
རྒྱལ་མོ་ཚ་བ་རོང་ཡིན།
圣地嘉绒地区
女:
རྒོད་པོ་བྲག་ལ་སྐྱེས་ན་རལ་བར་མེ་ཏོག་ལྡེམ་པ།
如鹰落岩,如花自长
ཚ་བ་རོང་གི་བུ་ཡིན།
乃嘉绒汉子之志
合:
བཙན་ཚུགས་རྡོ་ལ་བརྐོས་ཡོད་གཉན་ཕུར་བྲག་ལ་ཐེབས་ཡོད།
飒爽英姿刻于壁 声明显赫犹如画
ཆུ་ཆེན་བུ་ཡི་ལས་ཡིན།
金川之志男儿心
女:
རྒྱལ་མོ་རྔུལ་ཆུ་བཞུར་ས་གསེར་གྱི་བྱེ་མ་འཕྱུར་ས།
怒江冲刷灿灿金沙
རྒྱལ་མོ་ཚ་བ་རོང་ཡིན།
圣地嘉绒地区
男:
གཉེན་མོ་ནགས་ལ་སྐྱེས་ན་ལྡེམ་ཤིང་སྨྱུག་མའི་གཤིས་ཡིན།
林木天性柔弱竹柳
ཚ་བ་རོང་གི་བུ་མོ།
乃是嘉绒女子本性
合:
ལྗང་ལོ་ཐང་ལ་ལྷུང་ན་ཆུ་མོས་རྒྱང་ལ་འཁྱེར་བ།
落叶轻舟随河远流
རོང་བྲག་བུ་མོའི་ལས་ཡིན།
犹如嘉绒女子命运
男:
བུ་མོ་སྤུ་རས་ཅན་མའི་ལག་འཇམ་གསེར་གྱི་འཁྲི་ཤིང་།
织女手织金色丝藤
སྒེག་འཛུམ་འདབ་ལོ་འཐོར་བ།
亦能逐开甜美笑颜
女:
བུ་ཆུང་དགྲ་ལྷ་ཅན་གྱིས་བསོད་ནམས་ཟོང་གིས་ཁུགས་ན།
金;刚' 护/法-庇佑之下
ཚ་བ་རོང་ནས་མཇལ་ཡོང་།
相聚怒江温暖怀抱
合:
མཛེས་སྡུག་ལྷ་ཡི་བུ་ཆུང་མཚར་སྡུག་ཀླུ་ཡི་བུ་མོ།
飒爽龙的孩儿七彩凤的女儿
ཚ་བ་རོང་ནས་འཇལ་ཡོང་།
相聚嘉绒促成佳话