སྨོན་ལམ་མེ་ཏོག་ཚེས་ཤོག
ཚིག འབྲོག་སེང་སྐལ་བྷེ།
དབྱངས། ཚེ་རིང་དོན་འགྲུབ།
གཞས་པ། བཀྲ་ཤིས་རབ་དགའ།
ཆར་བ་འབབ་པའི་མཚན་མོ།།
རྨི་ལམ་མེད་པའི་མཚན་མོ།།
དྲན་པ་ལྕི་བའི་མཚན་མོ།།
ཁ་པར་བརྡ་རྟགས་ཆད་སོང་།།
འཕྲིན་ཐུང་ལས་དབང་གཉོམ་པས།།
སེམས་ངལ་རླུང་ལ་ཕོག་སོང་།།
ཤོག་བུའི་འཇིག་རྟེན་ཆུང་ཆུང་།།
དྲན་གདུང་བཞུར་ས་རྐྱང་རྐྱང་།།
སེམས་པའི་ལམ་ཐག་ཧྲིལ་བོ།།
རིང་ཡང་ཐུང་ཡང་བརྒྱུད་དགོས།།
དྲན་ཤེས་གསལ་བའི་ཉིན་མོ།།
ཁྱོད་དང་བྲལ་རྗེས་ཚོར་སོང་།།
མི་འཚོགས་གང་དུ་བཞུར་བཞུར།།
ལུས་དང་རྣམ་ཤེས་ཟད་ནས།།
ཆུང་འདྲིས་བྱམས་པའི་ས་ཕྱོགས།།
མིག་དང་རྫི་མར་འཐིམས་སོང་།།
སྐྱབས་འཇུག་སོར་མོར་བཏེགས་ནས།།
ཆུང་འདྲིས་ཨེ་ཐོན་སྒུག་ཡོད།།
སྨོན་ལམ་མེ་ཏོག་ཚེས་ནས།།