作词 : 索南尖参
作曲 : 戈桑玛
编曲 : 戈桑玛
དྲན་གདུང་།
童声:桑德成立
དྲན་དྲན་སྙིང་ལ་བརྡོལ་བའི་ཨ་ཕ།།
འཇིག་རྟེན་ཡུལ་ན་ཡོད་དུས་མ་ཤེས།།
བརྩེ་བ་སེམས་ལ་བསུབ་མེད་ཡིན་དུས།།
ཕ་ལོ་གཤིན་ཡུལ་འགྲིམ་པའི་སྐྱོ་སོང་།།
སྙན་སྙན་ཚར་མེད་ཁ་ཏའི་ཚིག་གསུམ།།
མི་ཡུལ་འདི་ན་ཡོད་དུས་མ་ཤེས།།
སྙན་པ་སེམས་ལ་བརྗེད་མེད་ཡིན་དུས།།
ཕ་ལོ་གཤིན་ཡུལ་འགྲིམ་པའི་སྐྱོ་སོང་།།
la la la... ...
la la la... ...
སེམས་སེམས་བུ་ཕྲུག་སྐྱོང་བས་ཨ་ཕ། །
ཕ་ཁྱིམ་གཅིག་ལ་ཡོད་དུས་མ་ཤེས།།
བསམ་པ་ཡིད་ལ་ཡལ་མེད་ཡིན་དུས།།
ཕ་ལོ་གཤིན་ཡུལ་འགྲིམ་པའི་སྐྱོ་སོང་།།
གཞན་ཡུལ་འགྲིམ་པའི་དྲིན་ཆེན་ཨ་ཕ། །
མ་དང་བུ་མོར་སེམས་པ་མ་ཆག།
ནར་སོན་བུ་མོས་ནུས་པ་ཡོད་དགུས།།
མི་ཡུལ་ཤུལ་བཞག་མ་ལ་རེམ་ངེས། །
ཁྱེད་ཉིད་འདི་ལྟར་གཞན་དུ་ཆས་པས། །
བུ་མོའི་སེམས་ལ་ན་ཟིག་ཆེ་ཡང་། །
དཀོན་མཆོག་གསུམ་པོའི་ཐུགས་རྗེས་གཟིགས་ཤིག།
སླར་ཡང་གཞིས་ཁྱིམ་གཅིག་དུ་འཛོམས་རོགས། །
དེ་རིང་བླངས་པའི་གླུ་ཆུང་འདི་ཉིད།།
ལྷ་བྱ་ཕོ་རོག་ཞིག་ལ་བསྐུར་ཡོད། །
བུ་མོའི་དྲན་གདུང་འབོད་སྐུལ་གཙང་མ། །
མ་གསང་མ་ལུས་ཕ་ལ་སྤྲོད་རོགས།།
དེ་རིང་བླངས་པའི་གླུ་ཆུང་འདི་ཉིད།།
ལྷ་བྱ་ཕོ་རོག་ཞིག་ལ་བསྐུར་ཡོད། །
བུ་མོའི་དྲན་གདུང་འབོད་སྐུལ་གཙང་མ། །
མ་གསང་མ་ལུས་ཕ་ལ་སྤྲོད་རོགས།།