作词 : 觉乃云才让
作曲 : 佐庆丹真
འཇིག་རྟེན་ཁྲ་ཁྲ་རིག་རིག
ཁྱོད་བཟང་ང་བཟང་ཡིན་རུང་།
མི་ཚོགས་ཁྲི་མ་འབུམ་དུ།
སྙིང་གི་མཛའ་གྲོགས་དུ་ཡོད།
མཐོ་དམའ་མེད་པའི་གྲོགས་ལ།
འབྱོར་དུས་སྤྲེལ་ལད་མ་འཁྲབ།~
གྲོགས་ཀྱི་དམ་པ་ཞིག་ནི།
གསེར་སྲང་སྟོང་གིས་མི་ཁུག ² ~
རྒུད་དུས་མིག་ལོག་མ་བལྟ།
གྲོགས་ཀྱི་དམ་པ་ཞིག་ནི།
གསེར་སྲང་སྟོང་གིས་མི་ཁུག ²
~
ཁ་པར་སྐད་འཕྲིན་སོགས་ཀྱིས།
གཅིག་གིས་གཅིག་ལ་སྦྲེལ་རུང་།
ཞེན་ཁོག་གཏིང་ནས་བརྩེ་བའི།
ཉེ་རིང་མེད་པའི་གྲོགས་ལ།
བྲལ་དུས་ངོ་མཚང་མ་འདྲི།
མཛའ་བརྩེའི་རྡོ་རྗེའི་མདུད་པ།
ཞིག་ན་སླར་ཡོང་མི་འདུག ² ~
བྲལ་དུས་ངོ་མཚང་མ་འདྲི།
མཛའ་བརྩེའི་རྡོ་རྗེའི་མདུད་པ།
ཞིག་ན་སླར་ཡོང་མི་འདུག ³
~