作词 : 木如-西热多吉
作曲 : 天杵
编曲 : 天杵
ཚིག རྨོག་རུ་ཤེས་རབ་རྡོ་རྗེ།
གདངས། གནམ་ལྕགས་རོལ་ཚོགས།
录音、混音:张可可
མདང་དགོང་རྨི་ལམ་ནང་དུ།
ཁྱེད་ཀྱི་ལག་པར་འཇུས་ཏེ་ས་ཐག་རིང་པོ་བརྒལ།
དྲག་ཆར་རླུང་དམར་རྒོད་པོས་གདོང་གི་ཤ་སྐྱི་གཞོག་ཀྱང་།
སྙིང་སྟོབས་སྟག་མོའི་ངར་ཞགས་ཞུམ་མ་སོང་།
གཉིད་ལས་སད་རྗེས། ཁྱེད་དང་ཁ་ཐག་རིང་ཡང་།
ཁྱེད་ཀྱིས་བྱམས་བརྩེ་ཟབ་མོས་ང་ཡི་མིང་ནས་འབོད་པ་འདྲ།
མི་ཚེ་འདི་ཡི་སྐྱིད་སྡུག་རིང་མོའི་འཁོར་བའི་ནང་དུ།
ཁྱེད་ནི་ང་ཡི་འགྱུར་མེད་ཀྱི་དད་འདུན་ཞིག་ཡིན།
མི་ཚེ་འདི་ཡི་ཆགས་སྡང་གཟར་མོའི་སྒང་གཞོང་ཀུན་ཏུ།
ཁྱེད་ནི་ང་ཡི་བདེན་དོན་གྱི་རྒྱབ་རི་དེ་ཡིན།
གཉིད་ལས་སད་རྗེས། ཁྱེད་དང་ཁ་ཐག་རིང་ཡང་།
ཁྱེད་ཀྱི་གཏན་ཚུགས་སྲ་མོས་སྔར་བཞིན་ང་རང་སྲུང་བྱུང་།
ཁྱེད་རང་ང་དང་ཁ་ཐག་རིང་ཡང་།
ང་གཉིས་བར་ཐག་འདི་ཕྱི་ཡིན་ཡང་།
བྱམས་དང་བརྩེ་བ་ལ་བར་ཐག་གང་ཡང་མེད།
ཁྱེད་དང་ང་གཉིས་ཁ་ཐག་རིང་ཡང་།
ང་གཉིས་བར་ཐག་འདི་ཕྱི་ཡིན་ཡང་།
ཤ་དང་ཁྲག་ལ་བར་ཐག་གང་ཡང་མེད།
ཁྱེད་ནི་ང་ཡི་འགྱུར་མེད་ཀྱི་དད་འདུན་ཡིན།
ཁྱེད་ནི་ང་ཡི་བདེན་དོན་ཀྱི་རྒྱབ་རི་ཡིན།
ཁྱེད་ཀྱི་ཕྱག་ལ་དམ་པོར་འཇུས་ཏེ།
ས་ཐག་རིང་པོར་བརྒལ་བ།
ནམ་ཡང་བརྗེད་ཐབས་མེད།
ཁྱེད་རང་ང་དང་ཁ་ཐག་རིང་ཡང་།
ང་གཉིས་བར་ཐག་འདི་ཕྱི་ཡིན་ཡང་།
བྱམས་དང་བརྩེ་བ་ལ་བར་ཐག་གང་ཡང་མེད།
ཁྱེད་དང་ང་གཉིས་ཁ་ཐག་རིང་ཡང་།
ང་གཉིས་བར་ཐག་འདི་ཕྱི་ཡིན་ཡང་།
ཤ་དང་ཁྲག་ལ་བར་ཐག་གང་ཡང་མེད།
མདང་དགོང་རྨི་ལམ་ནང་དུ།
ཁྱེད་ཀྱི་ལག་པར་འཇུས་ཏེ་ས་ཐག་རིང་པོ་བརྒལ།