作词 : 扎囊旦巴次仁
作曲 : 林华勇
༄༅།། རྒྱུ་མཚན་གང་ཡིན།
ཚིག གྲ་ནང་བསྟན་པ་ཚེ་རིང་།
གདངས། བསྒྱུར་བཟོ།
གཞས་མ། གོང་དཀར་ལྷག་སྒྲོན།
ཁྱེད་དང་ང་ཐུག་ས་གྲོང་ཁྱེར་འདིའི་ནང་རེད།
ཁ་བྲལ་ས་ཡང་བསྐྱར་གྲོང་ཁྱེར་འདིའི་ནང་རེད།
ལས་དབང་ཟེར་བ་དེ་ངས་ཀྱང་ཤོད་མ་ཐུབ།
དགའ་པོ་ཡོད་ཟེར་གྱིན་ཟེར་གྱིན་སོ་སོར་བྲལ།
ཁྱེད་དང་ང་བརྩེ་དུང་འཚོ་བ་མཉམ་དུ་བསྐྱལ།
དུས་ད་ཆ་ཁེར་རྐྱང་འཚོ་བ་སོ་སོ་ཡིན།
བརྩེ་དུང་ཟེར་བ་དེ་ངས་ཀྱང་ཧ་མ་གོ
མི་ཚེ་གཅིག་ཟེར་གྱིན་ཟེར་གྱིན་སོ་སོར་བྲལ།
ང་གཉིས་མཉམ་བཟའ་མཉམ་འཐུང་བྱས་མྱོང་།
མཉམ་ཤི་མཉམ་གསོན་ཟེར་མྱོང་།
མཐའ་མར་ཡོང་ཐབས་མེད་པ་ག་རེ་རེད།
ཁུ་སིམ་གྱི་མཚན་མོ། ཁྱེད་ཉིད་དྲན་པའི་དུས།
སེམས་སྡུག་ག་ཚོད་བྱུང་ཡང་སུ་ཡིས་ཤེས།
ང་གཉིས་མཉམ་བཟའ་མཉམ་འཐུང་བྱས་མྱོང་།
མཉམ་ཤི་མཉམ་གསོན་ཟེར་མྱོང་།
བརྩེ་དུང་འབྲས་བུ་མེད་པ་ག་རེ་རེད།
ཁེར་རྐྱང་གི་འཚོ་བ། སྔར་སོང་དྲན་པའི་དུས།
མིག་ཆུ་ག་ཚོད་བཏང་ཡང་སུ་ཡིས་ཤེས།
བོད་གཞས་གསན་པར་ཐུགས་རྗེ་ཆེ།
ཁྱེད་དང་ང་ཐུག་ས་གྲོང་ཁྱེར་འདིའི་ནང་རེད།
དུས་ད་ཆ་ཁེར་རྐྱང་འཚོ་བ་སོ་སོ་ཡིན།
ལས་དབང་ཟེར་བ་དེ་ངས་ཀྱང་ཤོད་མ་ཐུབ།
མི་ཚེ་གཅིག་ཟེར་གྱིན་ཟེར་གྱིན་སོ་སོར་བྲལ།
ང་གཉིས་མཉམ་བཟའ་མཉམ་འཐུང་བྱས་མྱོང་།
མཉམ་ཤི་མཉམ་གསོན་ཟེར་མྱོང་།
མཐའ་མར་ཡོང་ཐབས་མེད་པ་གང་ཡིན་ནམ།
ཁུ་སིམ་གྱི་མཚན་མོ། ཁྱེད་ཉིད་དྲན་པའི་དུས།
སེམས་སྡུག་ག་ཚོད་བྱུང་ཡང་སུ་ཡིས་ཤེས།
ང་གཉིས་མཉམ་བཟའ་མཉམ་འཐུང་བྱས་མྱོང་།
མཉམ་ཤི་མཉམ་གསོན་ཟེར་མྱོང་།
བརྩེ་དུང་འབྲས་བུ་མེད་པ་གང་ཡིན་ནམ།
ཁེར་རྐྱང་གི་འཚོ་བ། སྔར་སོང་དྲན་པའི་དུས།
མིག་ཆུ་ག་ཚོད་བཏང་ཡང་སུ་ཡིས་ཤེས།
ཁུ་སིམ་གྱི་མཚན་མོ། ཁྱེད་ཉིད་དྲན་པའི་དུས།
མིག་ཆུ་ག་ཚོད་བཏང་ཡང་སུ་ཡིས་ཤེས།
གཞས་ཚིག་སྒྲིག་བཟོ། གྲ་ནང་བསྟན་པ་ཚེ་རིང་།