作词 : 达玛
作曲 : 达伟
མ་ཡུམ་སློབ་གྲྭའི་སྐྱེད་ཚལ་གླིང་དུ།
གསལ་བྱེད་སུམ་ཅུའི་དབྱངས་རྟ་ཡོད་ལ།
དགེ་རྒན་བཟང་པོའི་འཛུབ་སྟོན་འོག་ནས།
བློ་ལྡན་བུ་ཆུང་བློ་རྨོངས་གསལ་བྱུང་། ཡེ།
བཅུ་ཕྲག་རིག་པའི་སློབ་གླིང་ཁྲོད་ཀྱི།
ན་གཞོན་ལང་ཚོ་དར་ལ་བབས་པའི།
བློ་ལྡན་གཞོན་ནུ་བུང་བའི་ཚོགས་ཀྱིས།
ཡར་རྒྱས་འཕྲིན་ལས་དང་དུ་བླངས་ཡོད། ཡེ།
མ་ཡུམ་སློབ་གྲྭའི་སྐྱེད་ཚལ་གླིང་དུ།
ཤེས་རབ་དཔལ་གྱི་གཟི་བྱིན་ཡོད་ལ།
སློབ་དཔོན་ཆེན་མོའི་ཟབ་ཁྲིད་འོག་ནས།
ན་གཞོན་ཕོ་མོ་རིག་ལམ་ལོན་སོང་། ཡེ།
མི་རིགས་ང་དྲུག་གར་སྟེག་ཐོག་གི
ན་གཞོན་ལང་ཚོ་ཤེས་པ་ཅན་གྱིས།
སྒྱུ་རྩལ་གར་གྱི་ཉམས་འགྱུར་ངོམས་བཞིན།
སྨོན་འདུན་འགྲུབ་པའི་དམ་བཅའ་བྱས་ཡོད། ཡེ།
མ་ཡུམ་སློབ་གྲྭའི་སྐྱེད་ཚལ་གླིང་དུ།
ཇ་ཡུན་ཙམ་ཡང་གཅེས་འཛིན་དམ་པོས།
འཆད་རྩོད་རྩོམ་གསུམ་དཔལ་ལ་རོལ་བའི།
ན་གཞོན་ལང་ཚོའི་བརྩོན་འགྲུས་བཟང་པོས། ཡེ།
འཇུ་སྟོབས་སྟོང་གིས་འཇོན་ནུས་ངོམ་སྟེ།
གངས་ཅན་མ་མའི་གཟི་དཔལ་བསམ་བཞིན།
རྒྱལ་ཁའི་གླུ་དབྱངས་གཟེངས་སུ་བཏེགས་ནས།
བཅོལ་བའི་རེ་བ་དང་ལེན་བྱས་ཡོད། ཡེ།
བཅོལ་བའི་རེ་བ་དང་ལེན་བྱས་ཡོད། ཡེ།