作词 : 仁增赤列顿珠
作曲 : 仁增赤列顿珠
编曲 : 101_Studio
ཧྲ་ཏག་ཏག 顺搭搭
ཚིག་གདངས། རིག་འཛིན་འཕྲིན་ལས་དོན་གྲུབ།
词曲 仁增赤列顿珠
གཞས་པ། རིག་འཛིན་འཕྲིན་ལས་དོན་གྲུབ།
演唱 仁增赤列顿珠
རོལ་མོ། ངག་དབང་འགྱུར་མེད།
音乐编曲: 阿旺尼麦
སྒྲ་ཕབ་འདྲེས་སྦྱོར། ༡༠༡Studioབརྙན་སྦྱོར།
录音合成:101Studio影音
པར་ལེན་སྒྲིག་སྦྱོར། པད་མ།
摄影编辑 白玛
དགའ་བའི་མི་དེ་དང་མི་ཚེ་གཅིག་ཧྲ་ཏག་ཏག
和爱的人一生一世好。
གྲོགས་པོ་ཕན་ཚུན་གྱི་བར་ལ་རྒྱ་དེ་ཧྲ་ཏག་ཏག
朋友之间要讲义气。
ཕ་མ་སྤུན་མཆེད་དང་འཆམ་མཐུན་བྱས་ཧྲ་ཏག་ཏག
父母和兄弟姐妹之间相处得很融洽。
གྲོང་པ་ཁྱིམ་མཚེས་ཀྱི་བར་ཞེ་སྡང་མེད་ཧྲ་ཏག་ཏག
邻居之间没有了怨恨最好。
སེམས་ཆུང་ཡ་རབས་ཤིག་ལ་ཐུབ་ཚོད་གནང་ནས་མ་བཞུགས་ཨ་།
别总是冤枉好人。
ཤི་ནས་ཨ་ཁུའི་འཁྲིས་ལ་ལྟག་སྒོ་འགྲོ་ས་མེད།
阎王那找不到关系
ང་ཚོའི་རྒྱུད་པ་བྱམས་སེམས་ཡ་རབས་སྙིང་རྗེ་ཡོད།
我们的后代善良高尚有同情心。
ཞེ་སྡང་ཕྲག་དོག་ང་རྒྱལ་སྤོངས་ཡང་ཧྲ་ཏག་ཏག
没有怨恨嫉妒骄傲就很棒。
ཉི་མ་གང་འཁྱོལ་གནང་ནས་མ་བཞུགས་ཨ།
不要再混日子了
འཚོ་བ་བསྐྱལ་བར་དངོས་གནས་ཁག་པོ་རེད།
生活本来就不容易
རང་གི་ལས་ལ་ཧུར་ཐག་འབད་ཐག་གནང་།
兢兢业业干自己的工作。
བོད་པ་ཟེར་བའི་མིང་དེ་ལབ་པའི་དུས།
点到你名字的时候。
ང་ཚོར་ངོམས་རྒྱུ་ཡོད་པ་དེ་ཧྲ་ཏག་ཏག
骄傲的去告诉我很好,很棒。
བླ་མའི་བཀའ་སློབ་ཉན་སེམས་པ་དེ་ཧྲ་ཏག་ཏག
听从上师的教导那颗心正好。
ཤེས་བྱ་རིག་གནས་ལ་བརྩོན་མདུན་ལམ་བཟང་ཧྲ་ཏག་ཏག
刻苦学习,前途无量。
ཕ་མའི་དྲིན་ལན་འཇལ་ཁྱིམ་ཚང་སྐྱོང་ཧྲ་ཏག་ཏག
报答父母的养育之恩。
བཟའ་ཟླར་མགོ་སྐོར་མ་གཏོང་བུ་ཕྲུག་སྐྱེས་ཧྲ་ཏག་ཏག་
别骗老婆,养家糊口真好。
རང་གི་རྐུབ་སྟེགས་ཁོ་ན་བསམ་བློ་བཏང་ནས་མ་བཞུགས་ཨ།
别光想着自己的利益。
འགྲོ་རེས་པུས་མོར་འཁོར་བའི་དུས་ཤིག་ཤར་ཡོང་ང་།
也有可能轮到你。
འདྲ་པོ་འདྲ་པོ་བྱུང་ན་གནས་ཟོད་བདེ་ཤོས་རེད།
差不多就刚好。
སོ་སོའི་འཚོ་བ་སྐྱིད་པོ་བསྐྱལ་ཡང་ཧྲ་ཏག་ཏག
自己过得好就不错。
བརྒྱ་ཆ་བརྒྱ་ཡི་འཚོ་བ་སྐྱིད་པོ་རེད།
百分之百的生活都很美好。
དུས་སྐབས་བཟང་པོའི་བུ་ཕྲུག་ང་ཚོ་རེད།
咱们是小康生活的孩子
ང་ཚོ་ནམ་ཡང་བཀྲ་ཤིས་བདེ་ལེགས་ཤོག
祝我们永远快乐。
གཅིག་གིས་གཅིག་ལ་གཅིག་ཕན་གཅིག་རོགས་གནང་།
请互相帮助。
འཚོ་བ་བདེ་སྐྱིད་ལྡན་པའི་ཧྲ་ཏག་ཏག
生活幸福满满顺搭搭