作词 : 藏堂
作曲 : 藏堂
编曲 : 藏堂
(混音)Mixing by:Yeshi
(母带)Mastering:Yeshi
ངས་ཁྱེད་རང་དྲན་མྱོང་།
ངས་ཁྱེད་རང་དྲན་མྱོང་།
རང་ཕྱིན་པའི་ལོ་དང་ཟླ་བའི་དུས་ཚོད་ནང་
མཚན་མོའི་གི་ཨར་ཁང་།
Tepuila ཁ་གང་།
སེམས་གཏིང་གི་ན་ཚའི་ཆེད་དུ་ཡོད།
ངས་ཁྱེད་རང་དྲན་མྱོང་།
ངས་ཁྱེད་རང་དྲན་མྱོང་།
ཁུ་སིམ་གྱི་མཚན་མོ་དེ་བས་དྲན།
སྔོན་ཆད་ཀྱི་དྲན་གསོ།
ངེད་གཉིས་ཀྱི་ཡོད་ཚད།
རང་ང་ཕྱིན་པའི་རྗེས་སུ་ངས་སླར་ཡང་དྲན།
ཕན་ཚུན་ཕོག་ཐུག་གི་སྐད་ཆ།
ད་ཆ་ངའི་སེམས་ཀྱི་ནད་ཚ།
རང་གི་དབྱུགས་ཚར་བའི་དམ་བཅའ།
འདི་ངའི་བརྩེ་དུང་གི་ཕམ་ཁ།
རང་གི་རྒྱབ་ཚར་བའི་གདམ་ག
འགྲོ་ས་ཆ་མིན་པའི་ལམ་ཁ།
བློ་རྩེ་གཉིས་སྐྱེས་ཀྱི་བྱམས་པ།
རང་རང་སོ་སོ་བསྡད་ན་འཚམ་པ།
སྔོན་ཆད་ངེད་གཉིས་དགེ་འདུན་བྱུང་ཡང་།
མཐའ་མ་ང་གཉིས་འཆམ་མྱོང་།
སེམས་པའི་ནང་ལ་ཕན་ཚུན་ཡོད་ཙང་།
མཉམ་དུ་ཁྱོད་ཡོངས་བསམ་བྱུང་།
ཁྱེད་རང་ཕྱིན་པའི་ལོ་ཟླའི་ནང་དུ་ང་ཡི་མིག་ཆུ་སྐམ་སོང་།
བཟོད་པར་དཀའ་བའི་ལོ་ཟླའི་ནང་དུ་ང་གཉིས་བརྩེ་དུང་ཕམ་སོང་།
ལྷད་མེད་པའི་བརྩེ་དུང་འདི་ནི་ང་རང་གཉིས་ཀྱི་རེ་བ།
དཀར་ཡོུལ་བཞིན་སེར་ཀ་གས་པ་སོང་ང་རང་གཉིས་ཀྱི་བརྩེ་བ།
དུས་ད་ཆ་མཐོང་ཡག་མི་འདུག་ཁྱེད་རང་ང་ཡི་འཁྲིས་ལ།
བརྩེ་དུང་གི་སྙིང་ལ་བཟོས་པའི་ན་ཚ་འདི་འདྲའི་ཆེ་ལ།
འཚོ་བའི་དཀའ་སྡུག་ཁྲོད།
སེམས་ནང་རང་བཞག་ཡོད།
ཚེ་འདིར་དགའ་བའི་མི་ལ་བདེ་སྐྱིད་སྤྲད་འདོད་ཡོད།
ཡིན་ནའི་ལས་དབང་ཁ་ཕྱོགས་ནོར་སོང་།
ཐ་ན་ང་གཉིས་བྲལ་སོང་།
ལས་འཕྲོ་མེད་པའི་མི་གཉིས་འགྲོ་སའི་ཁ་ཕྱོགས་འགྱུར་སོང་།
ང་གཉིས་གཅིག་སེམས་གཅིག་ལ་སྦྲེལ།
འཚོ་བའི་དཀའ་སྡུག་མཉམ་མྱོང་བྱེད།
ཡིན་ནའི་ལས་དབང་བཙན་པོ་གིས།
མཐའ་མ་ཁ་བྲལ་དགོས་བྱུང་སོང་།
ང་གཉིས་གཅིག་སེམས་གཅིག་ལ་སྦྲེལ།
འཚོ་བའི་དཀའ་སྡུག་མཉམ་མྱོང་བྱེད།
ཡིན་ནའི་ལས་དབང་བཙན་པོ་གིས།
མཐའ་མ་ཁ་བྲལ་དགོས་བྱུང་སོང་།
ངས་ཁྱེད་རང་དྲན་མྱོང་།
ངས་ཁྱེད་རང་དྲན་མྱོང་།
རང་ཕྱིན་པའི་ལོ་དང་ཟླ་བའི་དུས་ཚོད་ནང་།
མཚན་མོའི་གི་ཨར་ཁང་།
Tepuila ཁ་གང་།
སེམས་གཏིང་གི་ན་ཚའི་ཆེད་དུ་ཡོད།
ངས་ཁྱེད་རང་དྲན་མྱོང་།
ངས་ཁྱེད་རང་དྲན་མྱོང་།
ཁུ་སིམ་གྱི་མཚན་མོ་དེ་བས་དྲན།
སྔོན་ཆད་ཀྱི་དྲན་གསོ།
ངེད་གཉིས་ཀྱི་ཡོད་ཚད།
རང་ང་ཕྱིན་པའི་རྗེས་སུ་ངས་སླར་ཡང་དྲན།
SOMARAZA工作室出品