作词 : 完地加FOREVER
作曲 : 完地加FOREVER
གཞས་ཚིག བནྡེ་སྐྱབས།
作词:格桑黑莲
གཞས་དབྱངས། བནྡེ་སྐྱབས།
作曲:格桑黑莲
ལེན་མཁན།བནྡེ་སྐྱབས།
ང་ནི་གཞས་མ་གཏམ་ལ་དགའ་མཁན་ཞིག་ཡིན།
我是一个说唱爱好者
ཡིན་ཡང་གཞས་མ་གཏམ་མ་བླངས་ཡུན་རིང་འགོར་སོང་།
但很长时间没有说唱了
ཁྱོད་ཀྱི་ཕུགས་བསམ་ཅི་ཞིག་ཡིན།
你的梦想是什么?
ཕུགས་བསམ། ངས་མི་ཤེས།
梦想...... 我不知道!
V1:
མདུན་ལམ་དང་ཁ་ཕྱོགས་བོར་བའི་༢༠༢༢ལོར།
迷失前程的2022年
ངའི་ཕུགས་བསམ་དེ་རུམ་ནས་འཐོར་བས་རྨི་ལམ་ནང་དུ་ལུས་སོང་།
梦想仅留在了梦里
གཞས་མ་གཏམ་གྱི་དབྱངས་རྟ་འདི་ལ་ཆ་རྒྱུས་ཡ་མཚན་མེད་རུང་།
跟着这首陌生的说唱旋律
ངས་ཆ་རྒྱུས་ལྡན་པའི་ཁྱེད་ཚོ་ལ་འཚམ་འདྲི་བཀྲ་ཤིས་བདེ་ལེགས།
跟熟悉的您们说句扎西德勒
ཁྱིམ་ནས་རེ་ལྟོས་བྱས་བའི་ངའི་ཕ་ལོ་མ་ལོ།
在家盼望着你的父母
རང་ལ་ཡིད་ཆེས་བཅིངས་བའི་ངའི་སྙིང་གི་གྲོགས་པོ།
背后力挺着你的兄弟
ད་དུང་སྙིང་དུ་སྡུག་པའི་ངའི་ཁ་སང་གི་མཛའ་མོ།
还有昨天失去的女孩
ཁྱེད་ཚོ་ལ་དགོངས་དག་ཞུ་བ་ངའི་སྙིང་གཏམ་དྲང་མོ།
跟您们说句抱歉是我肺腑之言
ལས་དབང་ཟེར་བ་བཙན་དྲགས་སོང་།
缘分太过折磨
རྐྱེན་ངན་ཞིག་གིས་ལན་ཆགས་བཟོས་པས་མིག་མཐའ་མཆི་མས་བརླན་སོང་།
又一次跌倒泪湿了双眼
ཕུགས་བསམ་ཟེར་བ་ཁ་ཐག་རིང་སོང་།
梦想太过遥远
འཚོ་བས་གནོན་ཤུགས་འཐེབ་པས་འཚོ་བ་མ་གཏོགས་བསམ་རྒྱུ་མེད་སོང་།
面对的只有生活的压力
གཉིད་མི་ཁུག་པའི་མཚན་མོར།
无眠的夜
དབྱངས་ཀྱི་འགྱུར་ཁུགས་དང་ལྷན་ཏུ།
伴随着音乐
ངས་ཁ་སང་གི་ཁྱེད་དང་ཁ་སང་གི་རང་ཉིད་དྲན།
想起昨天的你和我
ཁ་སང་གི་ང་ལ་འཚོ་བའི་གནོན་ཤུགས་མེད་ལ་ཁ་ཕྱོགས་བོར་མེད།
昨天的我没有生活的压力也没有迷失方向
ལྷད་མེད་ཀྱི་དགོད་སྒྲ་ཡོད་ལ་མདུན་བསྐྱོད་ཀྱི་སྤོབས་པ་ཡོད།
走心的笑还有前进的毅力
Hook:
མདུན་ལམ་དང་ཁ་ཕྱོགས་བོར་བའི།
迷失了前程和方向
ཕུགས་བསམ་དེ་རུམ་ནས་འཐོར་བའི།
丢弃了心中的梦想
གཤོག་ཡ་བོར་བའི་སྙིང་གི་བྱིའུ་ཆུང་།
那只折翼的小鸟
ང་དང་འདྲ་བའི་སྙིང་གི་བྱིའུ་ཆུང་།
跟我一样的小鸟
མདུན་ལམ་དང་ཁ་ཕྱོགས་བོར་བའི།
迷失了前程和方向
ཕུགས་བསམ་དེ་རུམ་ནས་འཐོར་བའི།
丢弃了心中的梦想
གཤོག་ཡ་བོར་བའི་སྙིང་གི་བྱིའུ་ཆུང་།
那只折翼的小鸟
ང་དང་འདྲ་བའི་སྙིང་གི་བྱིའུ་ཆུང་།
跟我一样的小鸟
V2:
ཡིན་ན་ཡང་།
然而
ཡོད་ཚད་འགྱུར་རུང་བོར་རུང་།
时过境迁
ང་ནི་ང་ཡིན།
我还是我
གཤིས་རྒྱུད་དྲང་མོ་མདའ་ཡིན།
信念坚定如箭
གཤོག་ཡ་བོར་བའི་བྱིའུ་ཆུང་ཆུང་མཁའ་ལ་འཕུར་མི་ཐུབ་རུང་།
折翼的小鸟虽然飞不上天空
ཡིད་ཀྱི་སྤྲིན་པ་དཀར་པོ་དེ་ནི་ང་ཡི་གཤོག་ཟུང་ཡིན་སོང་།
心中圣洁的云朵是他美丽的翅膀
སྙིང་ཉེ་བའི་མི་ལགས།
我亲爱的人
ཁྱེད་ཀྱིས་ང་ལ་ཡིད་ཆེས་བྱེད་རོགས།
请你相信
སང་ཉིན་གྱི་སྐྱ་རེངས་ང་ཚོས་མཉམ་དུ་བསུ་ཆོག
让我们一起迎接明天的晨曦
ལོ་ཟླ་ཁྱེད་རང་དལ་གྱིས་བཞུད་དང་།
岁月请慢点流逝
ངས་དྲིན་ཆེན་ཕ་མའི་དྲིན་ལེན་མཇལ་མེད།
我还没有报答父母之恩
སྙིང་གི་གྲོགས་པོའི་རེ་བ་སྒྲུབ་མེད།
没有完成兄弟之愿
སང་ཉིན་གྱི་མཛའ་མོ་ལ་བསུ་མ་བྱེད་དགོས།
让自己去迎接明天的她
ལོ་ཟླ་ཁྱེད་རང་དལ་གྱིས་བཞུད་དང་།
岁月请慢点流逝
ངས་ཕུགས་བསམ་གྱི་ནམ་མཁའ་ལ་རི་མོར་བྲིས་མེད།
我仰望的天空还没有画上一幅画
དེའི་སྟེང་གི་སྤྲིན་པ་ལ་ཁ་མདོག་བྱུགས་མེད།
也没有在云朵上添上亮丽的色彩
མུག་ནག་གི་མཚན་མོ་ལ་འོད་སྣང་འཚོལ་དགོས།
再黑的夜我也要寻找光明
ངས་ད་དུང་གླུ་གཞས་གཏོང་དགོས།
我还要倾心歌唱
སྤུན་ཟླའི་བརྩེ་བ་གཏོང་དགོས།
唱兄弟之情
ཞེན་ཆགས་ཀྱི་རོགས་གླུ་གཏོང་དགོས།
唱爱的真情
རྟག་མི་རྟག་པའི་འཇིན་རྟེན་འདི་ནས།
这个无常的世界
ངས་ཡོད་ཚད་ལ་བཀའ་དྲིན་ཞུ་དགོས།
我会感恩所有!
Hook:
མདུན་ལམ་དང་ཁ་ཕྱོགས་བོར་བའི།
迷失了前程和方向
ཕུགས་བསམ་དེ་རུམ་ནས་འཐོར་བའི།
丢弃了心中的梦想
གཤོག་ཡ་བོར་བའི་སྙིང་གི་བྱིའུ་ཆུང་།
那只折翼的小鸟
ང་དང་འདྲ་བའི་སྙིང་གི་བྱིའུ་ཆུང་།
跟我一样的小鸟
མདུན་ལམ་དང་ཁ་ཕྱོགས་བོར་བའི།
迷失了前程和方向
ཕུགས་བསམ་དེ་རུམ་ནས་འཐོར་བའི།
丢弃了心中的梦想
གཤོག་ཡ་བོར་བའི་སྙིང་གི་བྱིའུ་ཆུང་།
那只折翼的小鸟
ང་དང་འདྲ་བའི་སྙིང་གི་བྱིའུ་ཆུང་།
跟我一样的小鸟