ངས་སེམས་དབུས་ཀྱི་པོ་ཏ་ལ
གཞས་པ. ལྷག་པ་ཚེ་རིང
ལྷ་ས་བསམ་ནས་མ་ཡོང་
ཕོ་བྲང་བསམ་ནས་ཡོང་ཡོད་
ཕོ་བྲང་པོ་ཏ་ལ་ཡི་
གནས་མཇལ་བསམ་ནས་ཡོང་ཡོད་
ཉི་མ་ཤར་བའི་དང་པོ་
ཕོ་བྲང་རྩེ་ལ་ཤར་སོང་
ཉི་མའི་འོད་ཟེར་འཕྲོད་དུས་
འཛམ་གླིང་འོད་ཀྱི་ཁེངས་སོང་
ཉི་མ་ཤར་བའི་དང་པོ་
ཕོ་བྲང་རྩེ་ལ་ཤར་སོང་
ཉི་མའི་འོད་ཟེར་འཕྲོད་དུས་
འཛམ་གླིང་འོད་ཀྱི་ཁེངས་སོང་
ཕོ་བྲང་སྟེང་གི་རྟེན་གརྩོ་
འཕགས་མཆོག་ཐུགས་རྗེ་ཆེན་པོས་
འཁོར་བའི་གནས་ལས་འགྲོལ་བའི་
འཕྲིན་ལས་གདམས་ངག་གནང་བྱུང་
འཛམ་གླིང་གཡས་བཞག་གཡོན་བཞག་
གསེར་གདུང་འཛམ་གླིང་རྒྱན་གཅིག་
གསེར་གདུང་མཇལ་བ་རྩམ་གྱིས་
ང་སེམས་བདེ་ལ་འཁོད་སོང་
འཛམ་གླིང་གཡས་བཞག་གཡོན་བཞག་
གསེར་གདུང་འཛམ་གླིང་རྒྱན་གཅིག་
གསེར་གདུང་མཇལ་བ་རྩམ་གྱིས་
ང་སེམས་བདེ་ལ་འཁོད་སོང་
གསེར་གདུང་མཇལ་བ་རྩམ་གྱིས་
ང་སེམས་བདེ་ལ་འཁོད་སོང་