作词 : 丹巴加
作曲 : 日嘎
ཡི་་་་་་་་
སང་སང་སང་སང་སང་སང་།
སློབ་གྲྭ་འགྲོ།
ཞོགས་པའི་ཅོང་བརྡ་ཉན་ཏེ་སློབ་གྲྭ་ལ་འགྲོ།
དཔེ་ཁུག་རྒྱབ་ཏུ་ཁུར་ནས་སློབ་གྲྭ་ལ་འགྲོ།
ཤེས་རིག་ནོར་བུ་ལེན་པར་སློབ་གྲྭ་ལ་འགྲོ།
དགེ་རྒན་གདམས་ངག་ལེན་པར་སློབ་གྲྭ་ལ་འགྲོ།
ཡི་་་་་་་་
སང་སང་སང་སང་སང་སང་།
སློབ་གྲྭ་འགྲོ།
རྩེ་རྩེ་ལྡིང་ལྡིང་བྱེད་བཞིན་སློབ་གྲྭ་ལ་འགྲོ།
མ་འོངས་འདུན་ལམ་སློབ་པར་སློབ་གྲྭ་ལ་འགྲོ།
མི་རིགས་ལ་རྒྱ་སྐྱོངས་བར་སློབ་གྲྭ་ལ་འགྲོ།
ཡབ་མེས་སྐུ་དྲིན་འཇལ་བར་སློབ་གྲྭ་ལ་འགྲོ།
ཡི་་་་་་་་
སང་སང་སང་སང་སང་སང་།
སློབ་གྲྭ་འགྲོ།
དགའ་དགའ་སྤྲོ་སྤྲོའི་ངང་ནས་སློབ་གྲྭ་ལ་འགྲོ།
ང་ཚོའི་ལག་ལྡིང་སྒྲིལ་ཏེ་སློབ་གྲྭ་ལ་འགྲོ།
མི་ཚེ་རིན་ཐང་ལེན་པར་སློབ་གྲྭ་ལ་འགྲོ།
ཡོན་ཏན་འབྱུང་གནས་མ་ཡུམ་སློབ་གྲྭ་ལ་འགྲོ།
མི་ཚེ་རིན་ཐང་ལེན་པར་སློབ་གྲྭ་ལ་འགྲོ།
ཡོན་ཏན་འབྱུང་གནས་མ་ཡུམ་སློབ་གྲྭ་ལ་འགྲོ།
སློབ་གྲྭ་འགྲོ།