作词 : 索朗多吉
作曲 : 格桑达瓦
སྙིང་དབུས་ཀྱི་སྨོན་ལམ།
ཚིག འཕྱོས་བསོད་ནམས་རྡོ་རྗེ།
གདངས སྐལ་བཟང་ཟླ་བ།
ལེན་མཁན། བཀྲ་ཤིས་མཚོ་མོ།
བཀྲ་ཤིས་བཞུགས་གྲལ་འདི་ལ།།
ཕ་མ་རྒན་རྒོན་འཛོམས་སོང་།།
དེ་རིང་འཛོམས་པ་ཡག་བྱུང་།།
དགའ་དགའ་སྤྲོ་སྤྲོ་གནང་དང་།།
སོའོ་་་་ཡ་ལ་དགའ་དགའ་སྤྲོ་གནང་ལ་དང་།
སོའོ་་་་ཡ་ལ་སྐྱིད་པའི་རྩ་བ་ཚུགས་ལ་སོང་།
སྐྱིད་པའི་རྩ་བ་ཚུགས་ལ་སོང་།
ཞིམ་པའི་ཆང་ཞིག་བཀྱག་ཡོད།།
སྙན་པའི་གླུ་ཞིག་བླངས་ཡོད།།
རྒན་རྒོན་སྐུ་ཚེ་རིང་བའི།།
སྨོན་ལམ་སྙིང་ནས་བཏབ་ཡོད།།
བཀྲ་ཤིས་བཞུགས་གྲལ་འདི་ལ།།
དགེ་སློབ་ལྷན་རྒྱས་འཛོམས་སོང་།།
དེ་རིང་འཛོམས་པ་ཡག་བྱུང་།།
དགའ་དགའ་སྤྲོ་སྤྲོ་གནང་དང་།།
སོའོ་་་་ཡ་ལ་དགའ་དགའ་སྤྲོ་གནང་ལ་དང་།
སོའོ་་་་ཡ་ལ་སྐྱིད་པའི་རྩ་བ་ཚུགས་ལ་སོང་།
སྐྱིད་པའི་རྩ་བ་ཚུགས་ལ་སོང་།
ཞིམ་པའི་ཆང་ཞིག་བཀྱག་ཡོད།།
སྙན་པའི་གླུ་ཞིག་བླངས་ཡོད།།
དམ་ཚིག་ཉམས་ཆག་མེད་པའི།།
སྨོན་ལམ་སྙིང་ནས་བཏབ་ཡོད།།
སྙིང་དབུས་ཀྱི་སྨོན་ལམ།
ཚིག འཕྱོས་བསོད་ནམས་རྡོ་རྗེ།
གདངས སྐལ་བཟང་ཟླ་བ།
ལེན་མཁན། བཀྲ་ཤིས་མཚོ་མོ།
བཀྲ་ཤིས་བཞུགས་གྲལ་འདི་ལ།།
གྲོགས་པོ་གྲོགས་མོ་འཛོམས་སོང་།།
དེ་རིང་འཛོམས་པ་ཡག་བྱུང་།།
དགའ་དགའ་སྤྲོ་སྤྲོ་གནང་དང་།།
སོའོ་་་་ཡ་ལ་དགའ་དགའ་སྤྲོ་གནང་ལ་དང་།
སོའོ་་་་ཡ་ལ་སྐྱིད་པའི་རྩ་བ་ཚུགས་ལ་སོང་།
སྐྱིད་པའི་རྩ་བ་ཚུགས་ལ་སོང་།
ཞིམ་པའི་ཆང་ཞིག་བཀྱག་ཡོད།།
སྙན་པའི་གླུ་ཞིག་བླངས་ཡོད།།
བརྩེ་དུང་འགྱུར་བ་མེད་པའི།།
སྨོན་ལམ་སྙིང་ནས་བཏབ་ཡོད།།
ཞིམ་པའི་ཆང་ཞིག་བཀྱག་ཡོད།།
སྙན་པའི་གླུ་ཞིག་བླངས་ཡོད།།
བརྩེ་དུང་འགྱུར་བ་མེད་པའི།།
སྨོན་ལམ་སྙིང་ནས་བཏབ་ཡོད།།