作词 : 民间
作曲 : 民间
ཨ་རྩེད་་་་་།
ཕ་བླ་མ་དབུས་ལ་འགྲོ་དུས་ན།
བན་ཆོས་ཡོད་ཆོས་མེད་གཉིས་ཀ་དགོས།
བན་ཆོས་ཡོད་གདུང་གྲལ་སྒྲིག་དུས་དགོས།
བན་ཆོས་མེད་མཐའ་གྲལ་སྐོར་དུས་དགོས།
རང་སྤུན་འགྲིག་ཆ་བོ་འཁོར་ར་རེཅད།
ཨ་རྩེད་་་་་།
སྟག་ཤར་ཇག་ལ་འགྲོ་དུས་ན།
བུ་དཔའ་ཡོད་དཔའ་མེད་གཉིས་ཀ་དགོས།
བུ་དཔའ་ཡོད་མདའ་འཕེན་བྱེད་དུས་དགོས།
བུ་དཔའ་མེད་མདའ་ཆག་འཐུ་དུས་དགོས།
རང་སྤུན་འགྲིག་ཆ་བོ་འཁོར་ར་རེཅད།
ཨ་རྩེད་་་་་།
སྨན་བུ་མོ་གནས་ལ་འགྲོ་དུས་ན།
སྨན་འདྲ་ཡོད་འདྲ་མེད་གཉིས་ཀ་དགོས།
སྨན་འདྲ་ཡོད་འདྲེན་པ་བྱེད་དུས་དགོས།
སྨན་འདྲ་མེད་ཀ་ཅ་ཕྱི་དུས་དགོས།
རང་སྤུན་འགྲིག་ཆ་བོ་འཁོར་ར་རེཅད།