作词 : 红叶
作曲 : 昂旺扎西
དགའ་ལོ་མ།
嘎罗玛
གླུ་ཚིག~ལོ་མ་དམར་པོ།
作词:红叶
དབྱངས།~ངག་དབང་བཀྲིས།
作曲:昂旺扎西
ལེན་མཁན། གོ་ ཆོས་དགའ།
演唱:贡曲嘎
ལས་ལམ་ཁའི་འགྲོ་ལམ་མ་གཅིག་རུང་།
འདང་བརྩེ་བ་སྔར་བཞིན་འགྱུར་མེད་ཡིན།
སེམས་བསམ་པ་འཁོར་སའི་དགའ་ལོ་མ།
ཁྱོད་སྐྱིད་ན་ང་ཡང་སྐྱིད།
འདང་ཆེན་གྱི་རོགས། སེམས་ནང་གི་མི།
ཁྱོད་ནམ་ཡང་བདེ་སྐྱིད་ལྡན་པར་ཤོག
就算道路各有千秋
爱意却不会因而消减
心爱的伊人
你若安好 便是晴天
钟爱之人 意中之人
愿你幸福一生!
རྒྱུ་འབྱོར་པའི་གནས་བབས་མ་མཚུངས་རུང་།
སེམས་དགའ་སྡུག་ཚོར་བ་མཉམ་མྱོང་ཡིན།
འདང་བརྩེ་བ་ཟབ་སའི་སྙིང་ཉེ་མ།
ཁྱོད་དགའ་ན་ང་ཡང་དགའ།
མཛའ་མཐུན་གྱི་རོགས། ལས་དབང་གི་མི།
ཁྱོད་ནམ་ཡང་ཁ་རྗེ་མཐོ་བར་ཤོག
即使贫富大有径庭
心灵却依旧哀乐相同
深爱的佳人
你若幸福 此生不悔
眷恋之人 缘定之人
愿你时运如日
ཡུལ་ལུང་པའི་ས་ཕྱོགས་མ་འདྲ་ཡང་།
གཏམ་བཟང་ངན་ཕར་བཤད་ཚུར་ལབ་ཡིན།
ཞེ་སྣང་བ་མཐུན་སའི་གཞོན་ནུ་མ།
ཁྱོད་བདེ་ན་ང་ཡང་བདེ།
འགྱུར་མེད་ཀྱི་རོགས། བརྩེ་ལྡན་གྱི་མི།
ཁྱོད་ནམ་ཡང་བསམ་དོན་འགྲུབ་པར་ཤོག
虽然故土天各一方
却能互诉喜怒哀乐
挚爱的丽人
你若欢喜 我便万幸
坚定之人 心仪之人
愿你万事顺意!