作词 : 巴·东赛
作曲 : 班玛
翻译:世间眼翻译工作室
ཡར་ཀླུང་གཞུང་ལ་བཏབ་པའི།།
ནས་ཆུང་གཡུ་ཁྲ་དྲུག་དཀར།།
སྙེ་མས་ལག་རྡང་སྒྲིལ་ཏེ།།
ཕ་གཞིས་གངས་ཀྱིས་བཟུང་ཡོད།
ཞིང་ཡུར་བུ་མོ་ལྡེམ་ལྡེམ།
སྐྱིད་ཆུའི་རྣ་ལ་བསྐུར་དེ།།
ལྷ་སའི་ལྕགས་པོ་རི་ལ།།
དུ་བའི་འཇའ་རིས་འཐེན་ཡོད།།
ཡ་་་་་ལ་་་་་་་ཡ་་་་་་་ལ
དུ་བའི་འཇའ་རིས་འཐེན་ཡོད།།
བྱམས་པ་ཡིད་དུ་མེད་ན།།
དྲན་དང་མ་དྲན་མི་འདུག།
གྲུ་འཛིན་རི་བོའི་གཞུང་ལ།།
ཕེབས་ལམ་བདེ་མོ་བྱས་ཡོད།།
ཡར་ཀླུང་གཞོང་ནས་འབུས་པའི།།
ནས་འབྲུ་ནོར་བུ་ཆ་བདུན།།
འདབ་དྲུག་ལག་པས་བསྐྱོར་ཏེ།།
མ་གཞིས་གཡང་གིས་བསྐྱངས་ཡོད།།
ཡ་་་་་་་ལ་་་་་་་ཡ་་་་་་་་་ལ
མ་གཞིས་གཡང་གིས་བསྐྱངས་ཡོད།།
ཞིང་ཡུར་བུ་མོ་ལྡེམ་ལྡེམ།།
སྐྱིད་ཆུའི་མིག་ལ་དྲངས་ཏེ།།
ལྷ་སའི་ནོར་བུ་གླིང་ཀ།
མེ་ཏོག་ཆར་བས་བརླན་སོང་།།
ཚངས་དབྱངས་འདྲ་ལེ་མིན་ན།།
སྒུག་དང་མ་སྒུག་མི་འདུག།
ང་དང་ཞིང་ཡུར་བུ་མོའི།།
ལས་སྨོན་འགྲུབ་པ་བྱས་ཡོད།།
ཡ་་་་་ལ་་་་་ཡ་་་་་་ལ
ལས་སྨོན་འགྲུབ་པ་བྱས་ཡོད།།
ཚངས་དབྱངས་འདྲ་ལེ་མིན་ན།།
སྒུག་དང་མ་སྒུག་མི་འདུག།
ང་དང་ཞིང་ཡུར་བུ་མོའི།།
ལས་སྨོན་འགྲུབ་པ་བྱས་ཡོད།།
ཡ་་་་་ལ་་་་་ཡ་་་་་་ལ
ལས་སྨོན་འགྲུབ་པ་བྱས་ཡོད།།