作词 : Wings
作曲 : Wings
编曲 : Young Taylor
Hook:RT DB
དགའ་ཕྱོགས་ནི་རང་གིས་བདམས་པའི་ལམ།
ཆར་རླུང་གིས་བརླན་རུང་ངའི་ཡིད་མི་ཕམ།
ཆར་བ་མར་མར་འབབ་ནའང་།
འཇའ་ཚོན་ནི་མདུན་སྐྱོད་བྱེད་པའི་ཤུགས།
མི་ཚེ་འདི་སྐད་ཅིག་ཙམ་གྱི་ལམ་ཞིག་རེད་འདོད་བསམ།
ལོ་གཞོན་དུས་ཕུགས་བསམ་མེད་ན་དོན་སྙིང་མེད།
Luosang
ཡེ་་་རྒྱང་རིང་གི་སྤུན་ཟླ་དགའ་བོ།
མྱུར་དུ་མཇལ་བའི་སྨོན་ལམ་རྣམ་དག་བཏབ་ཡོད།
མྱུར་དུ་མཇལ་བའི་སྨོན་ལམ་སྨོན་ལམ་འདེབས།
ཨ་རོ་ཚོ་མཉམ་དུ་འགྲོ།
ང་ཚོས་འཇིག་རྟེན་གསར་བ་བསུ།
མི་ཚེ་ནི་རང་གི་ལག སྔོན་ཐོན་ལམ་ལ་ཡང་ཡང་ཆས།
ཁ་གཡར་ས་གཞན་མེད་དུས་རབས་གསར་བའི་བདག་པོ།
འདང་རྒྱབ་ས་གཞན་མེད་ཁ་བ་དཀར་པོའི་སེམས་པ།
Hook:
དགའ་ཕྱོགས་ནི་རང་གིས་བདམས་པའི་ལམ།
ཆར་རླུང་གིས་བརླན་རུང་ངའི་ཡིད་མི་ཕམ།
ཆར་བ་མར་མར་འབབ་ནའང་།
འཇའ་ཚོན་ནི་མདུན་སྐྱོད་བྱེད་པའི་ཤུགས།
མི་ཚེ་འདི་སྐད་ཅིག་ཙམ་གྱི་ལམ་ཞིག་རེད་འདོད་བསམ།
ལོ་གཞོན་དུས་ཕུགས་བསམ་མེད་ན་དོན་སྙིང་མེད།
LiIsad
མི་རེ་ལ་ཕུགས་འདུན་རེ།
ཕུགས་འདུན་ནི་དད་མོས་རེ།
ཐོ་རེངས་སྐར་ཆེན་ཁྲ་ལེབ་མེ་དེས།
སྐེ་རགས་བཅིངས་ནས་ལམ་ལ་ཆས།
ཕུགས་འདུན་ཡོད་པའི་མི་ནི་ད་ནས་ལམ་ལ་ཆས།
རྨི་ལམ་རྒྱབ་ལ་ཁུར་ནས་ས་མཐར་ཆས།
མི་རེ་རེེའི་མདུན་ལམ་ནི་རང་ལག
སེམས་ཁོང་གི་དད་མོས་ནི་ཡང་དག
ཕ་སྐད་ནི་མི་རིགས་ཀྱི་ཟུངས་ཁྲག
དུས་ཚོད་ཀྱི་ཅོང་བརྡ་ཐག་ཐག
ཁོམས་མེད་ཀྱི་མི་ཚོགས་ནི་ཁྲ་ཁྲ།
གླུ་སྙན་མོའི་ལྟ་བ་ནི་སང་སང་།
རང་ལ་དགོས་པ་ཡོད་ཚད་རང་གིས་བརྩོན་དགོས།
Hook:
དགའ་ཕྱོགས་ནི་རང་གིས་བདམས་པའི་ལམ།
ཆར་རླུང་གིས་བརླན་རུང་ངའི་ཡིད་མི་ཕམ།
ཆར་བ་མར་མར་འབབ་ནའང་།
འཇའ་ཚོན་ནི་མདུན་སྐྱོད་བྱེད་པའི་ཤུགས།