作词 : 阿德·俄生
ཁྱེད་ཡན་གྱི་དྲིན་ཞིག་མ་ཚོར་ཐལ།
ཚིག ཨ་ཏི་ཨོ་སེང་།
དབྱངས། གདུགས་དཀར་སྐྱབས།
ལེན་མཁན། ཨ་ཏི་ཨོ་སེང་།
མངའ་རིས་སྒྲ་སྙན། མན་ཐོ་ལིན། གློག་སྒྲ་བཅས་རོལ་མོ། རྫ་སྟོད་རྫོང་གངས་རི་མཚོ་སྨན་སྒྱུ་རྩལ་ཚོགས་པ།
གནས་གཙང་ཆེན་རྫ་ཆུ་སྟོད་བརྒྱུད་ནས༎
ཡུལ་འབྱོར་ཕྱུག་ལོངས་སྤྱོད་གཏེར་གྱི་མཛོད༎
ཕ་དགེ་འབྲོང་གཡང་སྡེ་ཕྱུག་མོ་འདི༎
ས་གང་དུ་ཡོད་ཀྱང་དྲན་ཤིང་རེད༎
ཕ་ཡུལ་ལགས། དགེ་འབྲོང་ཡུལ།
ཁྱེད་ཡན་གྱི་སྐྱིད་ཅིག་མ་རྙེད་ཐལ།།
གཞིས་གཡང་ཁྱིམ་གྲུ་བཞིའི་ནང་རོལ་ནས༎
དྲིན་ཕ་མའི་ཐུགས་སེམས་མཚོ་མོའི་དཀྱེལ༎
བྱམས་བརྩེ་བས་དྲིན་གྱིས་བསྐྱངས་པ་འདི༎
ཡུལ་གང་དུ་སོང་ཡང་དྲན་ཤིང་རེད༎
དྲིན་ཆེན་ལགས། སྐུ་ཚེ་བརྟན།
ཁྱེད་ཡན་གྱི་དྲིན་ཞིག་མ་ཚོར་ཐལ།།
སྐྱིད་སློབ་གླིང་རིག་པའི་དགའ་ཚལ་ནས༎
རྒན་དམ་པའི་བྱམས་བརྩེ་ཉི་མའི་མདངས།།
བློ་ཤེས་བྱའི་ལམ་སྟོན་མཛད་པ་འདི༎
གནས་གང་དུ་ཆས་ཀྱང་དྲན་ཤིང་རེད༎
སློབ་དཔོན་ལགས། མཛད་འཕྲིན་རྒྱས།
ཁྱེད་ཡན་གྱི་མགོན་ཞིག་མ་མཇལ་ཐལ༎
སེམས་དགའ་སྐྱོ་འཚོ་བའི་བར་གསེང་ནས༎
གྲོགས་སྤུན་ཟླའི་འདང་བརྩེ་ཆུ་བོའི་རྒྱུན།།
གཏམ་ཀུ་རེའི་དགོད་སྒྲ་བསླངས་པ་འདི༎
ཕྱོགས་གང་དུ་འཁོར་ཡང་དྲན་ཤིང་རེད༎
གྲོགས་པོ་ལགས། བསམ་དོན་འགྲུབ།
ཁྱེད་ཡན་གྱི་གྲོགས་ཤིག་མ་མཐོང་ཐལ༎