作词 : 甲夏尔•拉巴扎西
作曲 : 甲夏尔•拉巴扎西
ཁོང་གི་ཁྱེད་ལ་མེ་ཏོག་དེ་སྤྲད་དུས་སུ།
དུས་དེ་ནས་ཟུང་ང་གཉིས་ཀྱི་བརྩེ་དུང་འཇུག་སྒྲིལ་སོང་།
སྔར་སོང་ང་གཉིས་མཉམ་དུ་བསྡད་པའི་འཚོ་བ་འདི་ཚོ།
ཡིད་ལ་དྲན་དུས་སེམས་རེ་སྐྱོ་བྱུང་།
ཁྱེད་རང་ཁོང་དང་མཉམ་དུ་བསྡད་པའི་ལོ་ཟླའི་ནང་དུ།
གཞི་ནས་བདེ་སྐྱིད་འཚོ་བ་གང་ཡིན་ཚོར་བྱུང་ཟེར།
ད་དུང་ང་ལ་དགོས་པའི་འཇོན་ཐང་འདི་ནི་མིན་འདུག་ཟེར།
ང་དང་ཁ་བྲལ་བའི་དུས་ཚོད་འདི་ཕྱི་དྲག་འདུག་ཟེར།
ཁྱེད་རང་ཁོང་དང་མཉམ་དུ་སོང་ཞིག
ག་པར་སོང་ནས་སོང་ཞིག
གང་ལྟར་ཁྱེད་རང་ང་ལ་བརྩེ་དུང་མིན་འདུག
ཁྱེད་རང་ཁོང་མཉམ་དུ་འཕུར་ཅིག
ཕྱེ་བལྟས་མེད་པར་འཕུར།
ད་ཆ་རང་གི་སེམས་པ་ བརླག་ཚར་བཞག
ང་བརྩེ་དུང་འདི་ཡི་རྙོག་འཛིང་ནང་དུ་འཛུལ་འདོད་མེད།
ང་ད་དུང་གོམ་པ་སྤོ་སྟངས་ནོར་འདོད་མེད།
གལ་སྲིད་ཁྱེད་ཀྱི་སེམས་ནང་ལ་ངོ་མ་ང་ཡོད་ན།
ང་ལ་ཕོག་ཐུག་ཡང་འཁོར་ཀྱང་འཁོར་གཏང་དོན་ཅི།
ཁྱེད་ལ་ཁོང་གི་ཁ་ཡ་མ་བྱས་པའི་སྐབས།
གཞི་ནས་ང་ལ་དགའ་པོ་ཡོད་ལབ་དོན་ཅི།
ངས་ཁྱེད་ཀྱི་ཆེད་དུ་བུ་མོ་མང་པོ་བློས་གཏོང་བྱས།
ད་ཆ་ང་ལ་ལྷག་པ་འདི་སྐྱོ་དུང་ཙམ་ཡིན།
ཁྱེད་རང་ཁོང་མཉམ་དུ་སོང་ཞིག
རྒྱང་རིང་ས་ལ་སོང་ཞིག
གང་ལྟར་ངས་ཁྱེད་རང་ད་ཆ་མཐོང་འདོད་མེད།
ཁྱེད་རང་ཁོང་མཉམ་དུ་འཕུར་ཞིག
ནམ་མཐའི་སར་ལ་འཕུར་ཞིག
ཁྱེད་དང་ཁོང་གི་བདེ་སྐྱིད་གམ་དུ་འཕུར་ཞིག
ཁྱེད་རང་ཁོང་མཉམ་དུ་སོང་ཞིག
ག་པར་སོང་ནས་སོང་།
གང་ལྟར་ཁྱེད་རང་ང་ལ་བརྩེ་དུང་མི་འདུག
ཁྱེད་རང་ཁོང་མཉམ་དུ་འཕུར་ཞིག
ནམ་མཐའི་སར་ལ་འཕུར་ཞིག
ད་ཆ་རང་གི་སེམས་པ་བརླག་ཚར་བཞག