作词 : 土登君乃
作曲 : 尼玛旦周
录音:义西生格
后期:义西生格
ང་ད་ནངས་ཡོང་སའི་ལམ་ཁ་ན།
འབྲི་དཀར་པོ་རྣ་ཏོག་ཐིག་ལེ་ཅན།
ང་གར་སོང་ངུར་རྒྱངས་འུ་རུ་རུ།
ཚེ་སྔོན་མའི་སྒོ་ཟོག་ཡིན་པ་འདྲ།
ང་ད་ནངས་ཡོང་སའི་ལམ་ཁ་ན།
རྟ་འདོ་བ་གསེར་སྒ་གསེར་སྲབ་ཅན།
ང་གར་སོང་འཚེར་སྐད་ལྷང་སེར་ལྷང་།
ཚེ་སྔོན་མའི་ཞོན་རྟ་ཡིན་པ་འདྲ།
ང་གར་སོང་འཚེར་སྐད་ལྷང་སེར་ལྷང་།
ཚེ་སྔོན་མའི་ཞོན་རྟ་ཡིན་པ་འདྲ།
ཨ་རོགས་ཡེ། ཡ་རེ་ལོ། ཡ་རེ་ལོ།
ཨོ། ཚེ་སྔོན་མའི་ཞོན་རྟ་ཡིན་པ་འདྲ།
ཨ་རོགས་ཡེ། ཡ་རེ་ལོ། ཡ་རེ་ལོ།
ཨོ། ཚེ་སྔོན་མའི་ཞོན་རྟ་ཡིན་པ་འདྲ།
ང་ད་ནངས་ཡོང་སའི་ལམ་ཁ་ན།
རོགས་ཆུང་ཆུང་ཁ་ཡང་ངོ་གསལ་ཞིག
ང་གར་སོང་ཁྲ་ཆུང་མིག་གིས་འཚོས།
ཚེ་སྔོན་མའི་དགའ་རོགས་ཡིན་པ་འདྲ།
ང་ད་ནངས་ཡོང་སའི་ལམ་ཁ་ན།
རོགས་ཆུང་ཆུང་ཁ་ཡང་ངོ་གསལ་ཞིག
ང་གར་སོང་ཁྲ་ཆུང་མིག་གིས་འཚོས།
ཚེ་སྔོན་མའི་དགའ་རོགས་ཡིན་པ་འདྲ།
ང་གར་སོང་ཁྲ་ཆུང་མིག་གིས་འཚོས།
ཚེ་སྔོན་མའི་དགའ་རོགས་ཡིན་པ་འདྲ།
ཨ་རོགས་ཡེ། ཡ་རེ་ལོ། ཡ་རེ་ལོ།
ཨོ། ཚེ་སྔོན་མའི་དགའ་རོགས་ཡིན་པ་འདྲ།
ཨ་རོགས་ཡེ། ཡ་རེ་ལོ། ཡ་རེ་ལོ།
ཨོ། ཚེ་སྔོན་མའི་དགའ་རོགས་ཡིན་པ་འདྲ།
ཨ་རོགས་ཡེ། ཡ་རེ་ལོ། ཡ་རེ་ལོ།
ཨོ། ཚེ་སྔོན་མའི་དགའ་རོགས་ཡིན་པ་འདྲ།
ཨོ། ཚེ་སྔོན་མའི་དགའ་རོགས་ཡིན་པ་འདྲ།