作词 : 贡嘎南杰
作曲 : 贡嘎南杰
编曲 : 张可可
སྒྲ་འཇུག ཚའོ་ཀང་།
སྒྲིག་བཟོ། ཚའོ་ཀང་།
མི་ཚོགས་བརྒྱ་ཡི་དཀྱིལ་ནས།།
ཁྱེད་ཀྱི་ཞལ་རས་མཛེས་བྱུང་།།
མ་མཇལ་སེམས་ཀྱི་ལྷ་མོ།།
ག་དུས་ལོག་ཡོང་གསུངས་རོགས།།
ཁྱེད་ནི་སྤོ་བོའི་བུ་ཆུང་།།
ང་ནི་གངས་རིའི་བུ་མོ།།
ཁམ་བུའི་མེ་ཏོག་བཞད་དུས།།
གནས་མཆོག་སྤོ་བོར་འཛོམས་ཡོང་།།
ཨོའོ་་་་ཚེ་རོགས་ཡའ་ཚེ་རོགས།།
ལས་ལ་བསྐོས་པའི་ཆུང་འདྲིས།།
ང་ནི་ཁྱེད་ལ་བརྩེ་བ།།
ཁྱེད་ནི་ང་ལ་བྱམས་པ།།
ཕ་ལུང་གཙང་པའི་འགྲམ་ནས།།
དྲན་པའི་གླུ་ཆུང་ལེན་ཡོད།།
ཁམ་བུའི་མེ་ཏོག་བཞད་དུས།།
གནས་མཆོག་སྤོ་བོར་འཛོམས་ཡོང་།།
མི་ཚོགས་བརྒྱ་ཡི་དཀྱིལ་ནས།།
ཁྱེད་ཀྱི་ཞལ་རས་མཛེས་བྱུང་།།
མ་མཇལ་སེམས་ཀྱི་ལྷ་མོ།།
ག་དུས་ལོག་ཡོང་གསུངས་རོགས།།
ཁྱེད་ནི་སྤོ་བོའི་བུ་ཆུང་།།
ང་ནི་གངས་རིའི་བུ་མོ།།
ཁམ་བུའི་མེ་ཏོག་བཞད་དུས།།
གནས་མཆོག་སྤོ་བོར་འཛོམས་ཡོང་།།
ཨོའོ་་་་ཚེ་རོགས་ཡའ་ཚེ་རོགས།།
ལས་ལ་བསྐོས་པའི་ཆུང་འདྲིས།།
ང་ནི་ཁྱེད་ལ་བརྩེ་བ།།
ཁྱེད་ནི་ང་ལ་བྱམས་པ།།
ཕ་ལུང་གཙང་པའི་འགྲམ་ནས།།
དྲན་པའི་གླུ་ཆུང་ལེན་ཡོད།།
ཁམ་བུའི་མེ་ཏོག་བཞད་དུས།།
གནས་མཆོག་སྤོ་བོར་འཛོམས་ཡོང་།།
ཨོའོ་་་་ཚེ་རོགས་ཡའ་ཚེ་རོགས།།
ལས་ལ་བསྐོས་པའི་ཆུང་འདྲིས།།
ང་ནི་ཁྱེད་ལ་བརྩེ་བ།།
ཁྱེད་ནི་ང་ལ་བྱམས་པ།།
ཕ་ལུང་གཙང་པའི་འགྲམ་ནས།།
དྲན་པའི་གླུ་ཆུང་ལེན་ཡོད།།
ཁམ་བུའི་མེ་ཏོག་བཞད་དུས།།
གནས་མཆོག
སྤོ་བོར་འཛོམས་ཡོང་།།