作词 : 呷玛
作曲 : 呷玛
难忘的人
作词:呷玛
作曲:呷玛
编曲:周灿
演唱:呷玛
发行:锦绣文化唱片公司
མི་ཟེར་བ་རླུང་གི་རང་བཞིན།།
ནང་སེམས་པ་འགྱུར་ལྡོག་ཆེ་བས།།
བློ་གཏོད་སའི་ཡུལ་ཞིག་མེད་རུང་།།
ཡོད་འདོད་པ་འཁོར་བའི་ཆོས་ཉིད།།
ངའི་མི་འབྲལ་མནའ་ཟིག་བཅལ་ནོ།།
ཁྱོས་མི་བརྗེད་དམ་ཟིག་བཅས་ནོ།།
ཞག་ཉི་མ་སོང་གིན་སོང་གིན།།
ཚིག་དེ་ཙམ་བརྟན་པོ་མ་རེད།།
ལས་ལ་རང་དབང་མེད་པས།།
སེམས་ལ་གས་ཆག་ཤོར་སོང་།།
ངའི་དྲན་རབས་སྐྱོ་རབས་མི་གླེང།།
ལོ་ཟླ་བས་བདེན་དཔང་བྱས་ཆོག།
གླེང་བཏང་རུང་འདས་པའི་ལོ་རྒྱུས།།
ཐུགས་སུན་པོ་བཟོ་གི་གཞི་མ།།
ངའི་གངས་དཀར་སེམས་པའི་ངོས་སུ།།
བརྗེད་མི་ཐུབ་རྨ་ཁ་ཟབ་རུང།།
ལས་འདི་སོ་ཟློགས་མེད་ཡིན་པས།།
ངའི་ཨུ་ཚུགས་བྱེད་དོན་མི་འདུག།
ཁྱོད་རང་བདེ་མོ་ཡོང་བས།།
སྐྱབས་འཇུག་ལྷ་ལ་ཞུས་ཡོད།།