作词 : 多智合
作曲 : 桑德
གནའ་སྔ་མོ་སྔ་མོ་སྔ་མོ་ཞིག་ལ།
རི་རབ་ཀྱིས་ཡུལ་གྲུ་བཀག་ཅིང་།
ཆུ་བོ་ལ་ཟམ་པ་མེད།
གནའ་སྔ་མོ་སྔ་མོ་སྔ་མོ་ཞིག་ལ།
བྱིས་པ་ཚོས་ནུབ་ཚ་འཐུང་རྗེས།
ཨ་མྱེས་ཀྱི་གནའ་གཏམ་ལ་ཉན།
ཨ་མྱེས་ཀྱི་གནའ་གཏམ་ནི།
ཁ་སང་གི་གཏམ་རྒྱུད་ཡིན།
ཨ་མྱེས་ཀྱི་གནའ་གཏམ་ནི།
ཁ་སང་གི་གཏམ་རྒྱུད་ཡིན།
ཨོ་་་་་་ཡེ་་་་་་
འདི་ནས་ཁ་སང་གི་ལོ་ཟླ་ལ་ཕྱིར་ལྟས་བྱས་ཆོག
ཨ་མྱེས་ཀྱི་གནའ་གཏམ་ནི།
སང་ཉིན་གྱི་གཏམ་རྒྱུད་ཡིན།
ཨ་མྱེས་ཀྱི་གནའ་གཏམ་ནི།
སང་ཉིན་གྱི་གཏམ་རྒྱུད་ཡིན།
ཨོ་་་་་་ཡེ་་་་་་
འདི་ནས་སང་ཉིན་ཀྱི་བགྲོད་ལམ་ལ་རྒྱང་ལྟ་བྱས་ཆོག
དུས་དེང་སང་དེང་སང་དེང་སང་ཉིན་ལ།
ཨ་མྱེས་ཀྱི་གནའ་གཏམ་ཁྲོད་ནས།
རི་རབ་དང་གཙང་བོ་བརྒལ།
དུས་དེང་སང་དེང་སང་དེང་སང་ཉིན་ལ།
ཁ་སང་གི་གཏམ་རྒྱུད་དེ་ལ།
སྙན་འཇེབས་ཀྱི་བྲག་ཅ་མཆེད།
ཨ་མྱེས་ཀྱི་གནའ་གཏམ་ནི།
ནམ་ལངས་ཀྱི་སྐྱ་རེངས་ཡིན།
ཨ་མྱེས་ཀྱི་གནའ་གཏམ་ནི།
ནམ་ལངས་ཀྱི་སྐྱ་རེངས་ཡིན།
ཨོ་་་་་་ཡེ་་་་་་
འདི་ནས་གསེར་མདོག་གི་ཉི་མ་ལ་རེ་སྒུག་བྱས་ཆོག
ཨ་མྱེས་ཀྱི་གནའ་གཏམ་ནི།
འབྲུ་དྲུག་གི་ས་བོན་ཡིན།
ཨ་མྱེས་ཀྱི་གནའ་གཏམ་ནི།
འབྲུ་དྲུག་གི་ས་བོན་ཡིན།
ཨོ་་་་་་ཡེ་་་་་་
འདི་ནས་གསེར་མདོག་གི་ལོ་ལེགས་ལ་རེ་སྒུག་བྱས་ཆོག
རེ་སྒུག་བྱས་ཆོག
རེ་སྒུག་བྱས་ཆོག