作词 : 喇嘛明星
作曲 : 丁增达瓦
བུ་ལ་དཔའ་བོ་གེ་སར་འཁྲུངས་རབ་ཡོད།།
སྨན་ལ་མཛེས་མ་འབྲུག་མོ་ཕེབས་རབ་ཡོད།།
ཆོས་རྒྱལ་བསྟན་པ་ཚེ་རིང་བཞུགས་རབ་ཡོད།།
ཁམས་པ་སྡེ་དགེ་གནམ་སའི་བར་ན་གྲགས།།
འོ་་་གནམ་སྡེ་དགེ། ས་སྡེ་དགེ། ང་ཡི་ཕ་ཡུལ།།
ངའི་ཕ་ཡུལ་ཁམས་པ་སྡེ་དགེ།
འོ་་་འོ་་་ངའི་ཕ་ཡུལ་ཁམས་པ་སྡེ་དགེ།
ས་ལ་སྐྱིད་པོ་ཨ་ཁྱུག་རྩྭ་ཐང་ཡོད།།
མཚོ་ལ་ཡག་མོ་ཡིད་ལྷུང་ལྷ་མཚོ་ཡོད།།
བྲག་རི་མཐོན་པོ་སྡེ་དགེ་ཁྲོ་ལ་ཡོད།།
ཁམས་པ་སྡེ་དགེ་གནམ་སའི་བར་ན་གྲགས།།
འོ་་་གནམ་སྡེ་དགེ། ས་སྡེ་དགེ། ང་ཡི་ཕ་ཡུལ།།
ངའི་ཕ་ཡུལ་ཁམས་པ་སྡེ་དགེ།
འོ་་་འོ་་་ངའི་ཕ་ཡུལ་ཁམས་པ་སྡེ་དགེ།
སྐུ་ཡི་རྟེན་ལ་ཨོ་རྒྱན་པད་འབྱུང་ཡོད།།
གསུང་གི་རྟེན་ལ་སྡེ་དགེ་པར་ཁང་ཡོད།།
ཐུགས་ཀྱི་རྟེན་ལ་ཐང་རྒྱལ་ལྷ་ཁང་ཡོད།།
ཁམས་པ་སྡེ་དགེ་གནམ་སའི་བར་ན་གྲགས།།
འོ་་་གནམ་སྡེ་དགེ། ས་སྡེ་དགེ། ང་ཡི་ཕ་ཡུལ།།
ངའི་ཕ་ཡུལ་ཁམས་པ་སྡེ་དགེ།
འོ་་་འོ་་་ངའི་ཕ་ཡུལ་ཁམས་པ་སྡེ་དགེ།