作词 : 洛桑仁青
作曲 : 巴丁求扎
ཁ་བ་ཡུལ་གྱི་ནོར་བུ།
ཚིག:བློ་བཟང་རིན་ཆེན།
གདངས:དཔལ་ལྡན་ཆོས་གྲགས།
ལེན་མཁན:ཕུན་ཚོགས་དར་རྒྱས།
༡ ཨ་ཕ་ཡིས་ང་ལ་ཟེར་བ།
གནའ་མི་བོད་ཀྱི་གཏམ་དཔེ་ལ།
འབྲོང་རྒོད་གཡུང་ལ་ཕབ་ནས་བཟུང་།
བོད་མགོ་ནག་འཁྲི་ས་ནོར་ནག།
ནོར་སྤུ་ནག་འཁྲི་ས་སྤང་ཁམས་རེད་ཟེར།
གངས་རི་ཡི་བདག་པོ། ང་ཡི་ནོར་ནག།
གནའ་སྔ་མོ(ལ་ནས)གནའ་སྔ་མོའི་དུས་ནས།
གངས་ཅན་བོད་དང་ལྷན་དུ་འགྲོགས་ཏེ།
འཚོ་ཐབས་དཀའ་བའི་ཡུལ་ལ།
ཚེ་སྲོག་གི་ལོ་རྒྱུས་བྲིས་ཡོད།
༢ ཨ་མ་ཡིས་ང་ལ་ཟེར་བ།
གནའ་མི་བོད་ཀྱི་གཏམ་དཔེ་ལ།
ཕ་ཁྱིམ་སྦྲ་ནག་ཕུབ་ནས་བཟུང་།
ཚེ་འདི་ལ་དགོས་དགོས་མ་ཞིག།
མ་མེད་ན་དྲིན་ཆེན་འབྲི་ཞིག།
མ་མེད་ན་དྲིན་ཆེན་འབྲི་ཞིག་དགོས་ཟེར།
རྩྭ་ཐང་གི་བདག་པོ། ང་ཡི་གཡང་ལྷ།
གནའ་སྔ་མོ(ལ་ནས)གནའ་སྔ་མོའི་དུས་ནས།
འབྲི་མོ་གཡང་ལས་བཞོས་པས་འོ་མས།
འཚོ་ཐབས་དཀའ་བའི་ཡུལ་ལ།
བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ལོ།
རྩྭ་ཐང་གི་བདག་པོ། ང་ཡི་གཡང་ལྷ།
གནའ་སྔ་མོ(ལ་ནས)གནའ་སྔ་མོའི་དུས་ནས།
འབྲི་མོ་གཡང་ལས་བཞོས་པས་འོ་མས།
འཚོ་ཐབས་དཀའ་བའི་ཡུལ་ལ།
བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ལོ།
བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ལོ།