作词 : 甲夏尔•拉巴扎西/朗唐扎西
作曲 : 甲夏尔•拉巴扎西
ལས་དབང་།
ཚིག། ལྷག་པ་བཀྲ་ཤིས། གླང་ཐང་བཀྲ་ཤིས།
གདངས། ལྷག་པ་བཀྲ་ཤིས།
ཡིག་སྒྱུར། ལྷག་པ་བཀྲ་ཤིས།
ལག་པ་གློད་མཁན་ཁྱེད་རང་རེད་ཞག
ད་དུང་ང་ཡི་ནོར་འཁྲུལ་རེད་ཟེར་གི
དེང་སང་མིའི་གཤིས་ཀ་དེ་འདུག
བརྩེ་དུང་ངོ་མ་སྤྲད་མཁན་མིན་འདུག
བརྩེ་དུང་དེ་ནི་ག་རེ་བྱས་པ་རེད།
ལས་དང་རྒྱུ་འབྲས་མི་བརྩེ་ག་རེ་རེད།
ཁྱེད་རང་ནི་ཁོང་གི་རྗེས་སུ་ཕྱིན།
ང་གཉིས་བར་གྱི་ལྷད་མེད་བརྩེ་དུང་དོར།
ཡང་ཉིན་བརྩེ་དུང་ནི་བརྩེ་དུང་ནི་ག་རེ་རེད།
ལས་དང་རྒྱུ་འབྲས་དེ་མ་སྲུང་ཡ་ག་རེ་རེད།
ཡང་ཉིན་བརྩེ་དུང་དེ་བརྩེ་དུང་མ་སྲུང་ཡས་ག་རེ་རེད།
ལས་འཕྲོ་མེད་པའི་བརྩེ་དུང་ལ་གཞེན་པ་ལོག
དགའ་ཟེར་བའི་ཚིག་དེ་བཤད་ནས།
མེ་ཚེ་མཐའ་འཁྱོལ་དམ་བཅའ་བཞག་ཡོད།
རྒྱུ་འབྲས་མེད་པའི་བུ་མོ་ཁྱོད་ཀྱིས།
ང་ཡི་བརྩེ་དུང་ཁ་ལོ་མེད་པར་འགྱུར།
ང་གཉིས་བརྩེ་དུང་ག་རེ་བྱས་པ་རེད།
དྭངས་གཙང་ལྷད་མེད་མེད་པ་ག་རེ་རེད།
ཁྱོད་སེམས་པ་ཁོང་གི་རྒྱུ་ལ་ཤོར།
སྔར་སོང་བརྩེ་དུང་ད་ཆ་མེད་པར་འགྱུར།
ཡང་ཉིན་བརྩེ་དུང་དེ་བརྩེ་དུང་དེ་བརྩེ་དུང་དེ་ག་རེ་རེད།
འགྱུར་བ་མེད་པའི་བརྩེ་དུང་དེ་གང་ན་ཡོད།
ཡང་ཉིན་བརྩེ་དུང་དེ་བརྩེ་དུང་ག་རེ་རེད།
བརྩེ་དུང་བཅང་མཁན་གྱི་མི་དེ་ལ་ཕོག་ཐུག་བཏང་།
ཡང་ཉིན་བརྩེ་དུང་དེ་བརྩེ་དུང་དེ་བརྩེ་དུང་དེ་ག་རེ་རེད།
འགྱུར་བ་མེད་པའི་བརྩེ་དུང་དེ་གང་ན་ཡོད།
ཡང་ཉིན་བརྩེ་དུང་དེ་བརྩེ་དུང་ག་རེ་རེད།
བརྩེ་དུང་བཅང་མཁན་གྱི་མི་དེ་ལ་ཕོག་ཐུག་བཏང་།