作词 : 仁郑多吉
作曲 : 民间
མགོན་རྒྱལ་ཀུན་འདུས་པའི་རིགས་ཀྱི་བདག།
གནས་འཁོར་བའི་འདམ་ནས་འདྲེན་པ་མཆོག།
ཐུགས་བྱམས་བརྩེས་ཁེངས་པའི་བླ་མ་རྗེ།།
ངའི་བླ་མ་ཉི་ཟླ་རྡོ་རྗེ་དྲན།།
诸佛总集各部主,
轮回泥淖引离者,
遍满慈悲正等尊,
忆念尼达多杰师。
དགུང་སྐར་ཚོགས་དཀྱིལ་གྱི་ཉི་མ་བཞིན།།
སྐྱབས་མེད་པའི་ཉམ་ཐག་སྐྱོང་བའི་གཉེན།།
སྐུ་བརྗིད་པོ་རི་རྒྱལ་ལྷུན་པོ་དེ།།
མཇལ་བསམ་ཀྱང་མི་མངོན་ཞིང་དུ་གཤེགས།།
群星之中大日显,
守护可怜无助者,
身若须弥极庄严,
思亦不见往生已。
དུས་སྙིགས་མའི་བསོད་ནམས་དམན་པ་ལ།།
མ་མཁའ་འགྲོའི་བསུ་མ་སྔ་བ་ཡིས།།
ཐུགས་འོད་གསལ་འདུན་མ་ཞིང་ལ་གཏད།།
ངེད་བུ་སློབ་རྗེས་འཇུག་གདུང་བས་མནར།།
浊世众生福泽薄,
空行使者过早来,
心意向往光明刹,
我等弟子何其悲。
སེམས་དད་པའི་ཀློང་ནས་རྗེས་སུ་དྲན།།
ངག་གསོལ་འདེབས་བྱེད་བཞིན་རྗེས་སུ་དྲན།།
ལུས་གུས་པའི་སྒོ་ནས་རྗེས་སུ་དྲན།།
རྗེ་བླ་མའི་རྗེས་དྲན་འདི་ནས་ཞུ།།
心自深信忆上师,
语言祈祷忆上师,
身体礼敬忆上师,
忆师故而奉此言。