善因圣洁
词:旦增仁青多杰
曲:彭毛才旦
演唱:彭毛卓玛&多杰吉
歌曲宣传:谢旦贴吧工作室
ཡེ་ཀ་དག་དགོངས་པ་ཀ་ཐོག་སྤྲུལ།།
ཐུགས་མཐའ་བྲལ་འོད་གསལ་གཉུག་མའི་མདངས །།
དུས་སྙིགས་མའི་སྣ་ཚོགས་བདུད་འཇོམས་མཆོག།
མགོན་བློ་བཟང་འཕེལ་རྒྱས་གུས་པས་མཆོད།།
未染尘埃人中圣
无边光明本底色
降魔消灾除恶魔
恭敬洛桑排杰佛
ཐུགས་སེམས་དཔའ་འགྲོ་འདུལ་ཟབ་གསང་གཏེར །།
རྗེ་བླ་མ་དུས་གསུམ་སངས་རྒྱས་སྤྲུལ།།
ཚིག་དབྱངས་ཅན་ངག་གི་ཟླ་དཀྱིལ་དུ།།
ཞལ་ཡེ་ཤེས་དཀྱིལ་འཁོར་སྒྱུ་འཕྲུལ་བཀྲ།
萨埵征行密伏藏
师三世诸佛化身
圣言妙音佛亲临
面智慧坛场幻化
ཕ་ཡི་དམ་དངོས་གྲུབ་འཁོར་འདས་རྟོགས།།
མ་མཁའ་འགྲོའི་ཕྲིན་ལས་མཁའ་ལ་འཆར།།
གྲོགས་སྲུང་མ་གང་འདོད་དཔག་བསམ་ཤིང་།།
སེམས་རིག་པའི་རང་རྩལ་རང་གྲོལ་ཤོག།
知其本尊成就高
空行信显示天空
守护甜心如意树
心灵的自我解放
ཞིང་མ་ངེས་རང་སྣང་དག་པའི་ཀློང་།།
མ་ཁྲོས་མའི་ཐུགས་འགྲུབ་ཁྲོ་བོར་བཞེངས།།
སྐྱབས་དུས་གསུམ་རྒྱལ་བའི་རྒྱལ་ས་རུ།།
རིགས་བྱང་སེམས་གདུང་འཛིན་ཅོ་པན་ཐོགས།།
亦不定主观境界
母亲对此承愤慨
三世尊者持所地
慈悲之族领路人
གང་དག་པའི་ཞིང་ཁམས་བསམ་གཏན་གླིང་།།
ཁྲི་མི་འཇིགས་སེངྒེའི་པད་མཚོ་རོལ།།
འཁོར་གོས་དཀར་ལྕང་ལོ་རིག་པ་འཛིན།།
ཆོས་ཟབ་ཞིའི་སྙིང་པོ་བདུད་རྩིར་རོལ།།
哪些仙境是禅林
万人白鹭游万湖
学习白衣柳叶
享受佛法之精华
གཞི་སྟོང་པའི་བཙན་ས་རང་ཟིན་ནས།།
ལམ་མ་ནོར་འཇིག་རྟེན་ཕལ་བའི་གྲོང་།།
འབྲས་དོན་གཉིས་དཔལ་ལྡན་འཁོར་འདས་བཅུད །།
ཚེ་འཕོ་མེད་བདེ་ཆེན་སྐུ་རུ་བཞུགས།།
占领了空白制高点
别走错平凡的世界
七十二果具德轮回
后德钦上师之转世
གླུ་ཚངས་དབྱངས་དྲུག་བཅུའི་འཇའ་རིས་འཁྱིལ།།
ལྷ་དཔའ་བོ་མཁའ་འགྲོ་འཛུམ་ཀྱི་ལེར།།
དབྱངས་འཕོ་མེད་བདེ་ཆེན་རང་སྒྲ་སྒྲོག།
སྐྱབས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག།
彩绘六十行歌梵音
神汉空行母微微笑
德钦之神妙音传
愿得三宝赐吉祥