ལ་ལ་ལ་་་
སེམས་པའི་ལག་གདང་སྦྲེལ་བའི།།
ངང་མོ་བསམ་སྐྱིད་སྒྲོལ་དཀར།།
སྟོན་ཁའི་སྐྱོ་གདུང་བསམ་ནས།།
ང་ལ་ཕྱི་ལྟས་སློག་རོགས།།
ཁ་སང་དབྱར་ཁར་འཛོམས་པ།།
ང་གཉིས་བརྩེ་དུང་ལས་རེད།།
དྲན་སེམས་རླུང་བུར་བསྐུར་ནས།།
ང་ལ་སྙིང་གཏམ་གསུངས་རོགས།།
འགྲོ་དགོས་ལས་ལ་བསྐོས་པའི།།
ངང་མོ་བསམ་སྐྱིད་སྒྲོལ་དཀར།།
ལྷད་མེད་སེམས་ཀྱི་ཡུལ་ལ།།
ང་ཡི་བརྩེ་བ་ཉར་རོགས།།
ཚེ་འདིའི་ལས་དབང་འཕྲོག་མཁན།།
སྐྱེ་བ་སྔོན་མའི་ལས་རེད།།
བརྩེ་དུང་སེམས་ཀྱི་ཕོ་ཉ།།
ཕར་གཏོང་ཚུར་གཏོང་གནང་རོགས།།
སེམས་པའི་ལག་གདང་སྦྲེལ་བའི།།
ངང་མོ་བསམ་སྐྱིད་སྒྲོལ་དཀར།།
སྟོན་ཁའི་སྐྱོ་གདུང་བསམ་ནས།།
ང་ལ་ཕྱི་ལྟས་སློག་རོགས།།
ཁ་སང་དབྱར་ཁར་འཛོམས་པ།།
ང་གཉིས་བརྩེ་དུང་ལས་རེད།།
དྲན་སེམས་རླུང་བུར་བསྐུར་ནས།།
ང་ལ་སྙིང་གཏམ་གསུངས་རོགས།།
འགྲོ་དགོས་ལས་ལ་བསྐོས་པའི།།
ངང་མོ་བསམ་སྐྱིད་སྒྲོལ་དཀར།།
ལྷད་མེད་སེམས་ཀྱི་ཡུལ་ལ།།
ང་ཡི་བརྩེ་བ་ཉར་རོགས།།
ཚེ་འདིའི་ལས་དབང་འཕྲོག་མཁན།།
སྐྱེ་བ་སྔོན་མའི་ལས་རེད།།
བརྩེ་དུང་སེམས་ཀྱི་ཕོ་ཉ།།
ཕར་གཏོང་ཚུར་གཏོང་གནང་རོགས།།
འགྲོ་དགོས་ལས་ལ་བསྐོས་པའི།།
ངང་མོ་བསམ་སྐྱིད་སྒྲོལ་དཀར།།
ལྷད་མེད་སེམས་ཀྱི་ཡུལ་ལ།།
ང་ཡི་བརྩེ་བ་ཉར་རོགས།།
ཚེ་འདིའི་ལས་དབང་འཕྲོག་མཁན།།
སྐྱེ་བ་སྔོན་མའི་ལས་རེད།།
བརྩེ་དུང་སེམས་ཀྱི་ཕོ་ཉ།།
ཕར་གཏོང་ཚུར་གཏོང་གནང་རོགས།།
ཕར་གཏོང་ཚུར་གཏོང་གནང་རོགས།།