作词 : 云桑周
作曲 : 民间曲
ངོ་མཚར་ལྷོ་རོང་།
ཚིག ཡུན་སེང་འབྲུག
དབྱངས། དམངས་ཁྲོད།
ལེན་མཁན། བསེ་ཨ་མའི་བུ།
གནས་མཆོག་གྱུར་ཕ་ས་ལྷོ་རོང་འདི༎
གླིང་གེ་སར་རྒྱལ་པོའི་ཕོ་བྲང་ཡིན༎
སྨན་ཨ་ཅག་འབྲུག་མོའི་རྟ་སྒ་གན༎
ལས་བསོད་ནམས་བསགས་པའི་གཟུང་འཇུག་ཡིན༎
ས་ལྷོ་རོང་དགེ་བཅུ་ཚང་ས་འདི།།
གཡང་རུ་མ་འཁོར་གི་གཞི་མ་ཡིན།།
ཡུལ་སྟོབས་འབྱོར་རྒྱས་པའི་གཡང་ས་ཡིན།།
འདི་ཡང་ཡང་རྒྱས་གི་གླུ་ཞིག་ལེན།།
རི་འགངས་ཆེན་དབང་སྒྲོན་རྩེ་ལྔ་གཅིག
མཚོ་མ་ཕམ་སྒྲོལ་མ་བླ་མཚོ་གཉིས༎
དཔལ་དུང་མཚོ་འོ་མའི་རྒྱ་མཚོ་གསུམ༎
ས་སྲིད་པ་དགྱེས་པའི་དགའ་ཚལ་ཡིན༎
རི་སྨུག་པོའི་ཁ་སྟོད་ནགས་ཀྱིས་བཟུང་༎
ཤ་རི་དྭགས་བརྒྱ་ཚོགས་སྟོང་འདུས་རེད༎
ཚོགས་བསོད་ནམས་མ་བོས་རང་འགྲུབ་རེད༎
ངས་ཡང་ཡང་འགྲུབ་པའི་གླུ་ཞིག་ལེན༎
ལམ་ཕྲ་མོ་ཇ་རྟའི་གནའ་ལམ་གཅིག༎
འགག་བཙན་པོ་རྒྱ་ཡིག་བྲག་དཀར་གཉིས༎
ཆུ་དལ་འབབ་རྒྱལ་མོ་དངུལ་ཆུ་གསུམ༎
ལས་ལོངས་སྤྱོད་འཛོམས་པའི་གཞི་མ་ཡིན༎
ཐང་ཨ་ལོང་སྤང་གི་གདན་སྟེང་ན༎
དྲོ་ཞིམ་པོ་ཁམ་པུའི་མེ་ཏོག་བཞད༎
སྐྱེས་འགྲོ་བ་ཀུན་གྱི་མིག་དབང་གསོ༎༎
ངས་ཡང་ཡང་གསོ་བའི་གླུ་ཞིག་ལེན༎