作曲 : 无
作词 : 无
སྦས་ཡུལ་ནང་ཆེན། (ནང་ཆེན་སྐྱེ་ཁམས་ཡུལ་སྐོར་བརྗོད་དོན་གླུ་དབྱངས)
ཚིག ཟླ་བ་བཟང་པོ།
དབྱངས། ཟླ་བ་བཟང་པོ།
ལེན་མཁན། ཀར་བསྟན། ཨོ་རྒྱན་ཕུན་ཚོགས། བསམ་གཏན་ཉི་མ།
རོལ་དབྱངས། ཨོ་རྒྱན་ཕུན་ཕུན་ཚོགས།
སྒྲ་ལེན། རོལ་མོའི་རྣམ་ཤེས་ལས་སྒྲུབ་ཁང་།
འགྲེམ་སྤེལ། དུང་རི་ཡུལ་སྐོར།
ལྷ་གཟིགས་རླངས་ཀྱིས་མདོ་ཁམས་རྒྱལ་ས་བཟུང་།
གེ་སར་རྒྱལ་པོས་མཚན་ལྡན་བླ་མ་མཇལ།
གནས་མཆོག་རྟ་རྣའི་མཚན་སྙན་གླིང་བཞིར་ཁྱབ།
དཔའ་བརྟུལ་སུམ་བཅུའི་གདུང་འབུམ་ངོ་མཚར་ཆེ།
ཚྭ་ཁལ་གནའ་ལམ་འཚོ་བའི་ལོ་རྒྱུས་རིང་།
དུང་རིའི་འབྲོག་ཡུལ་གནའ་བོད་འཚོ་བའི་རྟེན།
ཨེ་མ་་་ གནས་འདི་ནི། སྐྱེ་དངོས་སྣ་མང་གི་ཞིང་ས།
ཨེ་མ་་་ གནས་འདི་ནི། ནད་སེལ་ཆུ་ཚན་གྱི་ཕ་ཡུལ།
རང་བྱུང་ཚྭ་གཏེར་གྱི་ཞིང་མཆོག རི་སྐྱེས་སྲོག་ཆགས་ཀྱི་གཞིས་ཁྱིམ།
འོ་ཧོ་ཧོ་ཧོ་་་འོ་ཧོ་་་ཧོ་ཧོ་་་་ཧོ་་་་་་སྦས་ཡུལ་ནང་ཆེན།
གནས་འདི་ནི། ངོ་མཚར་གྱིས་ཕྱུག་པའི་གནས་མཆོག་ཡིན།
སྒོམ་སྡེའི་རིག་གནས་སྙིང་སྟོབས་འདི་ནས་འཁྲུངས།
ནང་སོ་ཆེན་མོའི་སྲིད་འབྱོར་རིགས་གསུམ་དར།
དབྱངས་གསལ་སོ་བཞིའི་སྒྱུ་རྩལ་སྒྲོན་མེ་སྦར།
དམངས་ཁྲོད་རིག་གནས་བསྟན་པ་དར་ཞིང་རྒྱས།
ཁམས་པའི་ཕོ་རྒོད་སྟོབས་དང་རྩལ་དྲུག་ངོམས།
མེས་པོའི་ལར་ཞེན་བྱམས་བརྩེ་འདི་ནས་འཕྱུར།
ཨེ་མ་་་་་གནས་འདི་ནི། ཡིག་གཟུགས་སྒྱུ་རྩལ་གྱི་ཕ་ས།
ཨེ་མ། གནས་འདི་ནི། དམངས་ཁྲོད་རིག་གནས་ཀྱི་བང་མཛོད།
དཔའ་བོའི་ཤུགས་རྩལ་གྱི་ཕ་ཡུལ། རིག་གནས་སྒྱུ་རྩལ་གྱི་ཞིང་ས།
འོ་ཧོ་ཧོ་ཧོ་་་འོ་ཧོ་་་ཧོ་ཧོ་་་་ཧོ་་་་་་སྦས་ཡུལ་ནང་ཆེན།
གནས་འདི་ནི། ངོ་མཚར་གྱིས་ཕྱུག་པའི་གནས་མཆོག་ཡིན།
འོ་ཧོ་ཧོ་ཧོ་་་འོ་ཧོ་་་ཧོ་ཧོ་་་་ཧོ་་་་་་སྦས་ཡུལ་ནང་ཆེན།
གནས་འདི་ནི། ངོ་མཚར་གྱིས་ཕྱུག་པའི་གནས་མཆོག་ཡིན།