卓央 - 慈母情
作词:洛桑仁青
作曲:罗泽
རྫ་ཡོག་གི་སྨུག་པ་གསེབ་ནས།
བྱ་གོང་མོའི་གསུང་སྐད་སྙན་མོ་འདུག
དེའི་ཡན་ལ་སྙན་མོ་མེད་འདུག་མ་བསམ།
མ་དྲིན་ཆེན་གསུང་སྐད་དེ་ལས་སྙན།
འོ། ཨ་མ་ལགས། ཨ་མ་ལགས།
ཨ། ཨ་མ་ལགས། ཨ་མ་ལགས།
མ་དྲིན་ཆེན་གསུང་སྐད་དེ་ལས་སྙན།
སེམས་སྐྱིད་ལེ་དབྱར་ཟླ་འགོ་མ་རེད།
བྲག་ཡོག་གི་ཤུག་པ་གསེབ་ནས།
བྱ་ཁུ་བྱུག་གསུང་སྐད་སྙན་མོ་འདུག
དེའི་ཡན་ལ་སྙན་མོ་མེད་འདུག་མ་བསམ།
མ་དྲིན་ཆེན་གསུང་སྐད་དེ་ལས་སྙན།
འོ། ཨ་མ་ལགས། ཨ་མ་ལགས།
ཨ། ཨ་མ་ལགས། ཨ་མ་ལགས།
མ་དྲིན་ཆེན་གསུང་སྐད་དེ་ལས་སྙན།
སེམས་སྐྱིད་ལེ་དབྱར་ཟླ་འགོ་མ་རེད།