人生价值 - 居茂扎溪·格拉
词:色须·热尔萨
曲:居茂扎溪·格拉
音乐宣传:谢旦贴吧工作室
ཚོང་དཔོན་ནོར་བཟང་ལྟ་བུའི།།
འབྱོར་ལྡན་ཕྱུག་པོ་མིན་ཏེ།།
རང་རང་དགའ་ཕྱོགས་བར་ན།།
འཚོ་བའི་བདེ་སྐྱིད་བསྐྲུན་ཡོད།།
ཕ་མ་བྱམས་བརྩེས་སྐྱོང་བའི།།
ཡ་རབས་སྤྱོད་བཟང་མེད་དེ།།
ཆང་དང་དུ་བ་་འཐེན་བཞིན།།
ཁྲེལ་མེད་ལས་ལ་མ་ཞུགས།
རྒྱལ་ཁམས་རིག་པས་སྐོར་བའི།།
མཁས་པའི་སྙན་གྲགས་མེད་དེ།།
རང་གི་སྐད་དང་ཡི་གེ།
ནམ་ཡང་བརྗེད་འགྲོ་མ་མྱོང་།
རྗེ་བཙུན་མི་ལ་ལྟ་བུའི།།
ཆོས་པ་རྣམ་དག་མིན་ཏེ།།
ཆོས་ལྡན་བོད་མིའི་རང་གཤིས།།
ནམ་ཡང་སེམས་ལ་བཟུང་ཡོད།།