善良的人们 - 泽旺拉姆
词:洛桑达瓦
曲:泽旺拉姆
音乐营销:梦飞船国际文化
ཡིད་མཆོག་གསུམ་དད་པས་རབ་ཏུ་ཕྱུག་ཅིང་།
ངག་མ་ཎི་ཡིག་དྲུག་དབྱངས་རྟས་འཁྱུད།
ལུས་ཕྱག་དང་སྐོར་བ་ལ་མོས་པའི།
ཡུལ་ཁ་བ་ཅན་གྱི་ཕ་མཚོ།
རྒན་ཕ་མ་སྤྱི་བོའི་གཙུག་ཏུ་བཀུར།
ཆུང་མིང་སྲིང་མིག་འབྲས་ཇི་བཞིན་གཙིགས།
ལས་ཆེ་ཆུང་གང་ལ་དཔའ་མི་ཞུམ།
ཡུལ་གངས་ཅན་ཕོ་གཞོན་མོ་གཞོན་ཚོ།
དྲིན་ཕ་མའི་ཁ་ཏ་སྙིང་དུ་བཅངས།
མགོན་དགེ་རྒན་བསླབ་བྱ་མིག་བཞིན་སྲུང་།
ངག་ཀ་ཁ་དབྱངས་ལ་འདྲེན་པ་སྟེ།
ཡུལ་ཁ་བ་རི་པའི་བྱིས་པ་ཚོ།