作词 : 热西•嘎玛桑登
作曲 : 德青曲珠
女:
རྒྱང་ནས་རེ་སྒུག་མ་བྱས།།
མདུན་ནས་སྙིང་གཏམ་མ་བཤད།།
གཡང་དཀར་ལུ་གུ་འཚོ་རོགས།།
ང་ཡི་རྫི་རོགས་བུ་ཆུང།།
男:
བརྩེ་བའི་ཡིག་ཆུང་མ་བྲིས།།
བསླུ་བའི་རྒྱུ་ནོར་མ་ཕུལ།།
མཐུན་པའི་གླུ་ཆུང་ལེན་རོགས།།
ང་ཡི་རྫི་རོགས་བུ་མོ།།
合:
ང་གཉིས་ཆུང་ནས་འདྲིས་པའི་ཆུང་འདྲིས།།
ང་གཉིས་ལས་ཀྱིས་བསྐོས་པའི་རོགས་ཟླ།།
དབྱར་དགུན་དུས་ཀྱི་འགྱུར་བའི་ཁྲོད་དུ།།
ང་གཉིས་མི་འགྱུར་ཨ་ལོང་ཆ་གཅིག།
女:
སྙན་པའི་ཁ་ཡག་མ་བྱས།།
མཐུན་པའི་ཟུར་མིག་མ་འཕངས།།
ཁྲ་ཆུང་འུར་རྡོ་གཡུག་རོགས།།
ང་ཡི་རྫི་རོགས་བུ་ཆུང་།།
男:
འཛོམས་པའི་ཁ་ཆད་མ་བྱས།།
འགྲོག་པའི་དམ་བཅའ་མ་བཞག།
སྤང་གཞུང་རྫི་གྲོ་སྒྲུག་རོགས།།
ང་ཡི་རྫི་རོགས་བུ་མོ།།
合:
ང་གཉིས་ཆུང་ནས་འདྲིས་པའི་ཆུང་འདྲིས།།
ང་གཉིས་ལས་ཀྱིས་བསྐོས་པའི་རོགས་ཟླ།།
དབྱར་དགུན་དུས་ཀྱི་འགྱུར་བའི་ཁྲོད་དུ།།
ང་གཉིས་མི་འགྱུར་ཨ་ལོང་ཆ་གཅིག།
ང་གཉིས་མི་འགྱུར་ཨ་ལོང་ཆ་གཅིག།