作词 : 阿旺桑培/旺堆
作曲 : 旦增罗布
ཟླ་འོད་འོག་གི་སྙིང་གཏམ།
ཚིག ངག་བསམ། དབང་འདུས།
གདངས། བསྟན་འཛིན་ནོར་བུ།
ལེན་མཁན། ནོར་བུ་བསམ་གྲུབ། ཚེ་བརྟན་སྒྲོལ་མ།
དཀར་གསལ་ཟླ་བའི་ནང་གི།
བློ་ལྡན་སྙིང་གི་ཟེའུ་འབྲུ།
ང་དང་ཁྱེད་ཀྱི་བར་ལ།
སྤྲིན་གྱི་ཡོལ་བ་སྒྲིབ་ཀྱང་།
མཛེས་སྡུག་བློ་རྒྱུད་རིང་མོའི།
བཞིན་རས་ཡིད་ལ་འཁོར་བྱུང་།
སྒོར་མོ་གོ་ལའི་སྟེང་གི།
བརྩེ་གྲོགས་སྙིང་གི་ཚི་ལུ།
ང་དང་ཁྱེད་ཀྱི་བར་ལ།
མཇལ་བའི་བསྐལ་བ་དཀོན་ཡང་།
ཟླ་འོད་འོག་གི་སྙིང་གཏམ།
བུ་མོའི་སེམས་ལ་བརྐོས་ཡོད།
ཚེས་ཆེན་བཅོ་ལྔའི་ཟླ་བས།
ཀུ་མུད་བཞད་ཁ་ཕྱེ་བྱུང་།
འགྱུར་མེད་བརྩེ་བ་ལྡན་ན།
མཇལ་བའི་དུས་ཅིག་ཤར་ཡོང་།།